ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་ལས་འཐུས་ཚབ་ཚན་ཆུང་གི་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། ཞིང་ཆེན་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གིས་ཆེད་ལས་འཐུས་ཚབ་ཚན་ཆུང་རྩ་འཛུགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཞིས་ཁྲོན་བཙོན་ཁང་དུ་སོང་ནས་ཁྲིམས་ཆད་ལག་བསྟར་ལ་བདེན་དཔང་བྱས་ཏེ་ཚད་ལྡན་ཁྲིམས་བསྟར་ལ་སྐུལ་འདེད་གཏོང་ཞེས་པའི་འཐུས་ཚབ་ཚན་ཆུང་གི་བྱེད་སྒོ་སྤེལ།

བྱེད་སྒོ་ལས་དམངས་ཆེན་གྱི་བྱེད་ནུས་འདོན་སྤེལ་དང་འགན་སྒྲུབ་དངོས་འབྲས་མཐོར་འདེགས། འབྲེལ་ཡོད་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ནས། རིམ་པ་སོ་སོའི་དམངས་ཆེན་འཐུས་མིས་འཐུས་ཚབ་བྱེད་པོའི་ནུས་པ་དང་ཆེད་ལས་ཀྱི་དགེ་མཚན་འདོན་སྤེལ་ལེགས་པོ་བྱེད་པ་དང་། འགན་ནུས་ཀྱི་ངེས་གནས་ལ་རྐང་འཛུགས་པ། དཔལ་འབྱོར་འཕེལ་རྒྱས་དང་ཁྲིམས་བསྟར་ཁྲིམས་འཛིན་དྲང་གཞག སྤྱི་ཚོགས་གཞི་རིམ་བཅོས་སྐྱོང་སོགས་ཀྱི་ཁྱབ་ཁོངས་གཙོ་བོར་གཞིགས་ཏེ། དམངས་ཚིས་གཙོ་གནད་གཅིག་སྡུད་བྱེད་པ་དང་། ཞིབ་བཤེར་ཞིབ་འཇུག་ལ་ཤུགས་སྣོན་པ། དངོས་ཡོད་དང་མཐུན་ཞིང་། དམངས་འདོད་གནས་ཚུལ་ལ་ཞིབ་བཤེར། དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་ཚིས་ལ་ཕན་པ་བཅས་བྱས་ནས། ཆེད་ལས་འཐུས་ཚབ་ཚན་ཆུང་གི་གནད་འཁེལ་འགན་སྒྲུབ་ཀྱིས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་མཇུག་མཐའི་བྱ་བ་ལེགས་པོར་བསྒྲུབ་དགོས། ཞིང་ཆེན་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གིས་ཁང་གཉིས་དང་སྟེགས་བུ་གཅིག་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། མང་ཚོགས་ཀྱི་ཉེ་བར་བཅར་བ་དང་འབུར་ཐོན་ཆེད་ལས་དེ་ཁྲིད་ཕྱོགས་སུ་བྱས་ནས། འཐུས་ཚབ་བྱེད་སྒོའི་རྣམ་པ་གསར་གཏོད་བྱེད་པ་དང་། འཐུས་ཚབ་ཚན་ཆུང་གི་བྱེད་སྒོ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཕྱོགས་ཡོངས་ནས་འཐུས་ཚབ་ཀྱི་འགན་སྒྲུབ་གསོན་ཤུགས་དང་དངོས་འབྲས་མཐོར་འདེགས་གཏོང་དགོས། འཐུས་མིའི་བཏོན་པའི་བསམ་འཆར་དང་གྲོས་གཞི་གསེད་བཀྲོལ་དང་ཞིབ་འཇུག་ནན་མོ་བྱས་ཏེ། ནུས་ལྡན་གྱི་བྱེད་ཐབས་བེད་སྤྱོད་པ་དང་། འཐུས་མིའི་བསམ་འཆར་དང་གྲོས་གཞི་དེ་དམངས་ཆེན་ལྟ་སྐུལ་གྱི་སྤུས་ནུས་སྔར་ལས་མཐོར་འདེགས་གཏོང་བ་དང་། ཁྲིམས་ཆད་ལག་བསྟར་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དྲག་པོར་བསྒྱུར་དགོས་པའི་བླང་བྱ་བཏོན།

བྱེད་སྒོར་ཞུགས་པའི་འཐུས་མི་རྣམས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཆད་ལག་བསྟར་བྱ་བར་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཁྲིམས་ལྟར་ཚད་ལྡན་སྒོས་ཁྲིམས་ཆད་དུས་ཡུན་ལོངས་ནས་བཙོན་ཁང་ནས་ཕྱིར་བུད་པའི་མི་སྣའི་བདེ་འགོད་སློབ་གསོ་དང་། སྡེ་ཁུལ་གྱི་འགལ་བ་སེལ་བ། ཆེད་ལས་དཔུང་སྡེ་འཛུགས་སྐྱོང་སོགས་ཀྱི་བྱ་བར་གཞིགས་ནས་བསམ་འཆར་དང་གྲོས་གཞི་བཏོན། འཐུས་མི་རྣམས་ཀྱིས་བསྟན་དོན། ཆེད་ལས་ཁྱབ་ཁོངས་དང་རང་འཁྲིའི་བྱ་བར་རྐང་བཙུགས་ནས། གཞི་རིམ་དུ་བསྐྱོད་པ་དང་མང་ཚོགས་ཀྱི་ཁྲོད་དུ་སོང་ནས་འཚམས་འདྲི་རྟོག་ཞིབ་བྱེད་པ་དང་། ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱས་ཏེ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་ལེན་དུ་བསྟར་བའི་བརྒྱུད་རིམ་ཁྲོད་ཀྱི་ནུས་པ་གལ་ཆེན་སྔར་ལས་འདོན་སྤེལ་ལེགས་པོ་བྱ་རྒྱུ་ཡིན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།