ཟི་ལིང་གི་བུད་མེད་ཅིག་གིས་གསེར་ཉོས་ཏེ་སྒོར་ཁྲི40ཡི་གྱོང་གུད་ཐེབས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།
  ཟླ10པའི་ཚེས26ཉིན། ཟི་ལིང་གྲོང་ཁྱེར་གྱི་བུད་མེད་ལིའུ་ལ"ཧྲུན་ཧྥུང"ཟོག་སྐྱེལ་གྱི་དངོས་པོ་ཞིག་འབྱོར་ཞིང་། དེའི་ནང་དུ་སློབ་གསོའི་གྲོན་དངུལ་ཕྱིར་སློག་པའི་སྤྱི་བསྒྲགས་ཤིག་འདུག བུད་མེད་ལིའུ་ཡིས་སྤྱི་བསྒྲགས་སྟེང་གི་རྩ་གཉིས་བཤེར་རིས་བརྒྱུད་ནས་མཉེན་ཆས་ཕབ་ལེན་བྱས་ཤིང་གྲོན་དངུལ་ཕྱིར་སློག་པའི་རེ་ཞུ་བྱས་པ་ན། མཉེན་ཆས་ནང་གི“སྐུ་མགྲོན་ཞབས་ཞུ”ཡིས་བཤད་རྒྱུར་ཕྱིར་སློག་རྒྱུའི་སློབ་གསོའི་གྲོན་དངུལ་སྒོར9299ཡོད་ལ། ཀུང་སིའི་གཏན་འཁེལ་བཞིན་གྲོན་དངུལ་ཕྱིར་སློག་པར་མཉེན་ཆས་དེའི་ནང་དུ་དངོས་ཟོག་ཉོས་ན་མགྱོགས་མྱུར་ངང་སྒོར་མོ་ལེན་ཐུབ་པར་བཤད། དེའི་རྗེས་སུ་བུད་མེད་ལིའུ་ཡིས་ཕ་རོལ་པའི་ཁྲིད་སྟོན་ལྟར་མཉེན་ཆས་དེ་བརྒྱུད་ནས་སྔ་རྗེས་སུ་ཐེངས་དགུ་ལ་གསེར་ཉོས་ནས་སྦྲག་སྲིད་ལས་སྐུར་དུ་བཅུག ཕ་རོལ་པོས་ད་དུང་ཁག་ཐེག་དངུལ་སྤྲོད་དགོས་པར་བཤད་པས། སྐབས་དེར་ཐོན་ཙ་ན་བུད་མེད་ལིའུ་ཡིས་ད་གཟོད་གཞི་ནས་རྒྱུན་ལྡན་མིན་པའི་གནས་ཚུལ་ཤེས་རྟོགས་བྱུང་སྟེ། འཕྲལ་དུ་གྱོད་དོན་སྙན་སེང་ཞུས་ཤིང་། སྤྱི་བསྡོམས་པས་སྒོར་ཁྲི40ཡིས་མགོ་སྐོར་ཐེབས། 
རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།