ཟླ10པའི་ཚེས31ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཞིན་ཧྭ་སྡེ་ཚོགས་གསུམ་པའི་ཙུང་ཚའེ། དབུ་བཞུགས་ལག་བསྟར་དཔོན་ཡུས་དབྱིན་ཐའོ་སོགས་དང་བཞུགས་མོལ་བྱས།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཡུས་དབྱིན་ཐའོ་སོགས་མཚོ་སྔོན་དུ་ཡོང་ནས་ཞིན་ཧྭ་སྡེ་ཚོགས་གསུམ་པའི་མཚོ་སྔོན་གྱི་ཐུའུ་ལིན་གྲོང་རྡལ་ཆུང་བའི་ལས་གཞི་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་དགའ་བསུ་དང་རྟེན་འབྲེལ་ཞུས། ཁོ་ཚོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་དེ་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བའི་རྐང་འཛུགས་ས་གལ་ཆེན་ཞིག་ཏུ་བརྩིས་ནས། མུ་མཐུད་དུ་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ་དང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ། ཝ་ཐི་དེ་པི་ཐེ་རུ་བསྒྱུར་བ་དང་། ལྗང་མདོག་གློག་ཤུགས་དེ་ལྗང་མདོག་རྩིས་ནུས་སུ་བསྒྱུར་བ། གློག་ཐག་ནས་འོད་ཐག་ཏུ་བསྒྱུར་ཏེ། ཞིང་ཆེན་ཡོངས་ཀྱི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་དང་དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས། ཧུར་ཐག་གིས་ཀྲུང་དབྱང་ཁེ་ལས་དང་དམངས་ཀྱི་ཁེ་ལས། ས་གནས་བཅས་ཀྱིས་མཉམ་འདྲེས་བཟང་བའི་གསར་གཏོད་འཕེལ་རྒྱས་རྣམ་པ་འཚོལ་ཞིབ་བྱས། ཕྱོགས་གཉིས་ཀྱིས་རང་སོ་སོའི་ཁྱད་སྟོབས་ལ་བརྟེན་ནས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཐོན་ལས་ཀྱི་འདུས་ནུས་ཆགས་རྒྱུར་སྐུལ་འདེད་གཏོང་བ། ཉེར་སྤྱོད་ཞབས་ཞུའི་རྣམ་པ་རྒྱ་ཆེར་གཏོང་བ། ཧུར་ཐག་གིས་མཉམ་རྒྱལ་འཕེལ་རྒྱས་མངོན་འགྱུར་བྱེད་པའི་རེ་བ་ཡོད།
ཡུས་དབྱིན་ཐའོ་ཡིས་མཚོ་སྔོན་གྱིས་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས་ཐོབ་པའི་གྲུབ་འབྲས་ལ་སེམས་འགུལ་ཐེབས་ཀྱིན་ཡོད། ཁོས་བསྟན་དོན། རབས་གསར་པའི་ཆ་འཕྲིན་འཕྲིན་གཏོང་མངའ་ཁོངས་ཀྱི་སྣེ་ཁྲིད་ཁེ་ལས་ཡིན་པའི་ཆ་ནས། ཞིན་ཧྭ་སྡེ་ཚོགས་གསུམ་པས“སྲིད་གཞུང་གིས་སྟེགས་བུ་བསྐྲུན་པ་དང་། ཁེ་ལས་ཀྱིས་ཕྲེང་འབྲེལ་བསྐྲུན་པ། གསར་གཏོད་ཐད་ཟླ་གྲོགས་འཚོལ་བ། ཉེར་སྤྱོད་ལག་རྩལ་གཅིག་བསྡུས་འཕེལ་རྒྱས་བཅས་ཀྱི་འདུ་ཤེས་ལག་བསྟར་བྱས་ནས། ཡུལ་ལྗོངས་མཉམ་འདྲེས་བཀོལ་སྤྱོད་སྣེ་ཁྲིད་དུ་བྱས་ཏེ་མཚོ་སྔོན་གྱི་དངུལ་གཏོང་མུ་མཐུད་ཇེ་མཐོར་གཏོང་བ་དང་། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ཁྲོད་གཏིང་ཟབ་ཏུ་མཉམ་འདྲེས་བྱེད་པ། མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཁྲོད་གཉིས་ཕན་མཉམ་རྒྱལ་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།
ཀྲང་ཅིན་ཀང་དང་ཀྲུའུ་ཞང་ཧྥིན་བཞུགས་མོལ་ལ་ཞུགས།