ཟླ10ཚེས28ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་ང་བརྒྱད་པ་དང་། ཨང་ང་དགུ་པ། ཨང་དྲུག་ཅུ་པ། ཨང་རེ་གཅིག་པ། ཨང་རེ་གཉིས་པ་བཅས་ལ་མཚན་རྟགས་བཀོད།
ཀྲུའུ་ཞིའི་བཀའ་རྒྱ་ཨང་ང་བརྒྱད་པའི་ནང་དུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་ཐོག་ཚོང་དོན་བཅའ་ཁྲིམས》དེ2025ལོའི་ཟླ10པའི་ཚེས28ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་སྟེང་བཟོ་བཅོས་བྱས་ནས་གྲོས་འཆམ་བྱུང་བས་ད་ལྟ་སྤྱི་བསྒྲགས་བྱས་པ་ཡིན། 2026ལོའི་ཟླ5པའི་ཚེས1ཉིན་ནས་ལག་ལེན་དུ་བསྟར་དགོས་པ་བསྟན།
ཀྲུའུ་ཞིའི་བཀའ་རྒྱ་ཨང་ང་དགུ་པའི་ནང་དུ། 《〈རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས〉བཟོ་བཅོས་བྱེད་པའི་ཆོད་དོན》དེ2025ལོའི་ཟླ10ཚེས28ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་སྟེང་གྲོས་འཆམ་བྱུང་ནས། ད་ལྟ་སྤྱི་བསྒྲགས་བྱས་པ་ཡིན། 2026ལོའི་ཟླ1པོའི་ཚེས1ཉིན་ནས་ལག་ལེན་དུ་བསྟར་དགོས་པ་བསྟན།
ཀྲུའུ་ཞིའི་བཀའ་རྒྱ་ཨང་དྲུག་ཅུ་པའི་ནང་དུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས》དེ2025ལོའི་ཟླ10པའི་ཚེས་28ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་སྟེང་བཟོ་བཅོས་བྱས་ནས་གྲོས་འཆམ་བྱུང་བས་ད་ལྟ་སྤྱི་བསྒྲགས་བྱས་པ་ཡིན། 2026ལོའི་ཟླ1པོའི་ཚེས1ཉིན་ནས་ལག་ལེན་དུ་བསྟར་དགོས་པ་བསྟན།
ཀྲུའུ་ཞིའི་བཀའ་རྒྱ་ཨང་རེ་གཅིག་པའི་ནང་དུ། 《རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས〉བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་》དེ2025ལོའི་ཟླ10པའི་ཚེས28ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་སྟེང་གྲོས་འཆམ་བྱུང་བས། ད་ལྟ་སྤྱི་བསྒྲགས་བྱས་པ་ཡིན་ལ། 2026ལོའི་ཟླ1པོའི་ཚེས1ཉིན་ནས་ལག་ལེན་དུ་བསྟར་དགོས་པ་བསྟན།
ཀྲུའུ་ཞིའི་བཀའ་རྒྱ་ཨང་རེ་གཉིས་པའི་ནང་དུ། 《རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་དཔྱ་ཁྲལ་བཅའ་ཁྲིམས་〉བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན》དེ2025ལོའི་ཟླ10པའི་ཚེས28ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་སྟེང་གྲོས་འཆམ་བྱུང་བས། ད་ལྟ་སྤྱི་བསྒྲགས་བྱས་པ་ཡིན་ལ། སྤྱི་བསྒྲགས་བྱས་ཉིན་ནས་ལག་ལེན་དུ་བསྟར་དགོས་པ་བསྟན་ནོ། །