ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་དོན་ཁང་གིས་སྐོར་ཞིབ་ལས་བྱེད་པའི་ནུས་པ་མཐོར་འདེགས་གཏང་ཆེད་ལ་ཆེད་སྦྱོང་གི་དཔེ་དེབ་སྐོར་ཞིག་ལག་ཏུ་བཀྲམ་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བྱེད་པ་དང་། སྐོར་ཞིབ་ལས་བྱེད་ཀྱི་ལས་སྒོའི་གཞུང་ལུགས་ཆུ་ཚད་དང་ཆབ་སྲིད་བྱང་ཚད་ཏན་ཏིག་ཇེ་མཐོར་གཏང་ཆེད། ཟླ10པའི་ཟླ་མཇུག་ཏུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་དོན་ཁང་གིས་ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་ལས་ཁུངས་དང་། གྲོང་ཁྱེར། ཁུལ། རྫོང་། ཆུས་བཅས་ཀྱི་སྐོར་ཞིབ་ལས་བྱེད་པ་རྣམས་ལ་ཆེད་དོན་སློབ་གཉེར་ཀྱི་དཔེ་དེབ4700དང་རིགས་མི་འདྲ་བ69གཅིག་གྱུར་གྱིས་ཉོ་སྒྲུབ་བྱས་ནས་སོ་སོར་བཀྲམ། 

ཐེངས་འདིར་བཀྲམ་པའི་དཔེ་དེབ་ཀྱི་ནང་དོན་གཙོ་བོ་འབུར་དུ་ཐོན་པ་དང་དམིགས་ས་རང་བཞིན་ཆེ་ལ་དེར་གཙོ་བོ་ཕྱོགས་ཆེན་པོ་གཉིས་ཡོད་དེ། ། གཅིག་ནས་དཔལ་འབྱོར་འཛུགས་སྐྱོང་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་། “ཞིང་གསུམ”ལས་དོན་དང་དེ་བཞིན་ཏང་འཛུགས་སྐྱོང་སོགས་ལས་རིགས་དང་ཁྱབ་ཁོངས་མང་པོའི་སྐོར་ལ་གསུངས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ལ་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་བླངས་ནས་   ཆབ་སྲིད་ཀྱི་སྐོར་ཞིབ་གཏིང་ཟབ་སྤེལ་བར་རྩ་བའི་བརྩི་སྲུང་དང་བསམ་བློའི་གོ་ཆ་འདོན་སྤྲོད་བྱས། གཉིས་ནས་སྐོར་ཞིབ་ལས་དོན་གྱི་སྲིད་ཇུས་ཁྲིམས་སྲོལ་དང་། བརྒྱུད་རིམ་ཚད་གཞི། བྱེད་སྟངས་དང་ཐབས་ཤེས། གྱོད་དཔེ་དབྱེ་ཞིབ། དེ་བཞིན་ལག་ལེན་ཉམས་མྱོང་སོགས་ཆེད་ལས་ནང་དོན་འདུ་ལ། གཙོ་བོ་སྐོར་ཞིབ་ལས་བྱེད་པས་ལས་ཀའི་ཆོས་ཉིད་ལ་ངོས་འཛིན་དང་ཁོང་དུ་ཆུད་པར་རོགས་རམ་དང་། ཉམས་མྱོང་དང་བྱེད་སྟངས་འཐུས་ཚང་ལ་དཔྱད་གཞི་འདོན་སྤྲོད། གནད་དོན་ཤེས་རྟོགས་དང་། གནད་དོན་དབྱེ་ཞིབ། གནད་དོན་ཐག་གཅོད་བཅས་ཀྱི་ནུས་པ་ཆེར་བསྐྱེད་བཅས་གཏང་ཆེད་རེད།

དཔེ་དེབ་དེ་དག་ལམ་སེང་སོ་སོའི་ལག་ཏུ་བཀྲམ་པ་ནི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་དོན་ཁང་གིས་དུས་རབས་གསར་པའི་སྐོར་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དམིགས་ཏེ། ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་ལས་བྱེད་པའི་དཔུང་ཁག་ཆེད་ལས་ཅན་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བའི་བྱེད་ཐབས་གལ་ཆེན་ཉག་ཅིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་ལས་བྱེད་པས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་བགོ་བར་རོགས་རམ་ནུས་ལྡན་བྱས་ཏེ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་ཤེས་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེར་བསྐྱེད་དང་། མ་ལག་ལྡན་པའི་སྒོ་ནས་ཆེད་ལས་ཤེས་བྱར་སློབ་སྦྱོང་བྱས་པ་བརྒྱུད་ལས་ཀའི་བརྒྱུད་རིམ་དང་། བྱེད་སྟངས་དང་ཐབས་ཤེས། སྒྲིག་ཁྲིམས་ཀྱི་བླང་བྱ་བཅས་ཁོང་དུ་ཆུད་ཅིང་འགན་སྒྲུབ་པ་ནུས་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ། སྔོན་ཐོན་གྱི་ཉམས་མྱོང་དང་དཔེ་མཚོན་གྱོད་དཔེ་དཔྱད་གཞིར་བཟུང་སྟེ་ལས་ཀའི་བསམ་ཕྱོགས་རྒྱ་ཆེར་བཏང་ནས་གནད་དོན་གནད་ལ་འཁེལ་བའི་སྒོ་ནས་རྒྱུས་ལོན་དང་། ངོ་བོ་གཏན་འཁེལ་། སྙན་སེང་ཞུ་བའི་ནུས་པ་ཆེར་བསྐྱེད་བཅས་ལ་རམ་འདེགས་བྱེད་ཐུབ་བོ། ། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།