
ས་དེའི་དུས་ཚོད་ཟླ10པའི་ཚེས26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སིང་ག་ཕོར་གྱི་སྲིད་འཛིན་བཞུགས་ཤག་ཏུ་སིང་ག་ཕོར་གྱི་སྲིད་འཛིན་ཚབ་མ་ཀྲང་ཙན་ཁྲིན་ལ་མཇལ་གནང་།
ས་དེའི་དུས་ཚོད་ཟླ10པའི་ཚེས26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སིང་ག་ཕོར་གྱི་སྲིད་འཛིན་བཞུགས་ཤག་ཏུ་སིང་ག་ཕོར་གྱི་སྲིད་འཛིན་ཚབ་མ་ཀྲང་ཙན་ཁྲིན་ལ་མཇལ་གནང་།
ལི་ཆང་གིས་བསྟན་དོན། དེང་དུས་ཀྱི་འཛམ་གླིང་ནི་གཡོ་འགུལ་དང་འགྱུར་ལྡོག་ཆེ་བའི་དུས་སྐབས་གསར་པ་ཞིག་ཏུ་སླེབས་ཡོད་པ་དང་། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་མཉམ་དུ་འདྲེས་ཡོད། ཀྲུང་གོ་དང་སིང་ག་ཕོར་གཉིས་ནི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་ཡིན་པའི་ཆ་ནས། མཐུན་སྒྲིལ་རོགས་ལས་སྔར་བས་དམ་ཟབ་བྱེད་དགོས། ཉེ་སྔོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོས་གཞི་ལ་གྲོས་འཆམ་བྱུང་བ་དེས། ཀྲུང་གོ་དང་སིང་ག་ཕོར་གྱི་མ་འོངས་པའི་མཉམ་ལས་ལ་གོ་སྐབས་གལ་ཆེན་མཁོ་འདོན་བྱས་ཡོད། མ་འོངས་པར་ཀྲུང་གོའི་ཕྱོགས་ཀྱིས་སིང་ག་ཕོར་དང་མཉམ་དུ་མཐོ་རིམ་འགྲོ་འོང་བྱེད་པ་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ། གཉིས་ཕན་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་རྒྱུན་མཐུད་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་ས་ཁུལ། ཐ་ན་འཛམ་གླིང་ཡོངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་དགོས།
ཀྲང་ཙན་ཁྲིན་གྱིས་བསྟན་དོན། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པས”ས་ཁུལ་དང་ཐ་ན་འཛམ་གླིང་ཡོངས་ལ་ཕན་ཐོགས་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད་པས། ཀྲུང་གོའི་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་བཅས་ཀྱི་ཐད་ལ་ཧུར་བརྩོན་བྱེད་འདོད་ཡོད།