ས་དེའི་དུས་ཚོད་ཟླ10པའི་ཚེས26ཉིན་གྱི་ཕྱི་དྲོར། ཨེ་ཤེ་ཡ་ཤར་མའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་གྱི་གདན་ཞུས་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཆེད་བཏང་གནམ་གྲུར་བཞུགས་ནས་ཅི་ལུང་ཕོ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཏེ་ཨེ་ཤ་ཡ་ཤར་མའི་མཉམ་ལས་འགོ་ཁྲིད་པའི་ཚོགས་འདུར་ཞུགས།

མ་ལེ་ཞི་ཡའི་འགྲིམ་འགྲུལ་པུའུ་ཀྲང་ལུའུ་ཀྲའོ་ཧྥུའུ་དང་མ་ལེ་ཞི་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོཨོའུ་དབྱང་ཡུས་ཅིན། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧོའུ་ཡན་ཆི་བཅས་ཀྱིས་གནམ་ཐང་དུ་བསུ་མ་བྱས།
ལི་ཆང་གིས་སིང་ག་ཕོར་ལ་དངོས་གཞིའི་འཚམས་འདྲི་གནང་ཚར་རྗེས་ཅི་ལུང་ཕོ་རུ་འབྱོར་བ་རེད། སིང་ག་ཕོར་དང་ཁ་འབྲལ་སྐབས། སིང་ག་ཕོར་གྱི་ཕེབས་རོགས་པུའུ་ཀྲང་དང་། གྲངས་འཛིན་འཕེལ་རྒྱས་དང་གསར་འགྱུར་པུའུ་ཡི་པུའུ་ཀྲང་དབྱང་ལི་མིན། སིང་ག་ཕོར་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཚའོ་ཀྲུང་མིན་བཅས་ཀྱིས་གནམ་གྲུ་ཐང་དུ་སྐྱེལ་མ་བྱས།