རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན།

ཟླ10པའི་ཚེས26ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཚོགས་འདུར་ཞུགས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པས་ཚེས26ཉིན་གྱི་སྔ་དྲོར་པེ་ཅིང་དུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཚོགས་འདུར་ཞུགས།

ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཚའེ་ཏཱ་ཧྥིན་གྱིས་ཕུལ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུར་ཉན། སྙན་ཞུའི་ཁྲོད་བཅའ་ཁྲིམས་ལག་བསྟར་ལས་ཐོབ་པའི་གྲུབ་འབྲས་མངོན་གསལ་དང་གནད་དོན་གཙོ་བོ་ངོ་སྤྲོད་བྱས་ཏེ། ཟས་རིགས་བདེ་འཇགས་ཀྱི་སྦྲེལ་ཐག་ཧྲིལ་པོའི་ལྟ་སྐུལ་དོ་དམ་བྱ་བའི་མཉམ་ཤུགས་གཅིག་སྡུད་བྱེད་པ་དང་། སློབ་གྲྭ་དང་ཉེ་འཁོར་གྱི་ཟས་རིགས་བདེ་འཇགས་བྱ་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། དྲ་ཐོག་ཟས་རིགས་སོགས་ལས་རྣམ་གསར་པའི་ཟས་རིགས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཟས་རིགས་བདེ་འཇགས་བཅའ་ཁྲིམས་ཕྱོགས་ཡོངས་ནས་བཟོ་བཅོས་རྒྱག་པའི་བྱ་བ་གང་མགྱོགས་སྒོས་སྒྲུབ་འགོ་རྩོམ་པ་སོགས་ཀྱི་བསམ་འཆར་དང་གྲོས་གཞི་བཏོན།

ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ནགས་ཚལ་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུར་ཉན། སྙན་ཞུའི་ཁྲོད་ཁྲིམས་བསྟར་ཞིབ་བཤེར་བྱས་པའི་གནས་ཚུལ་གཙོ་བོ་ངོ་སྤྲོད་བྱས་ཤིང་། ནགས་ཚལ་བཅའ་ཁྲིམས་ནུས་ལྡན་ངང་ལག་ལེན་དུ་བསྟར་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་བཏིང་ནས། རང་རྒྱལ་གྱི་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དང་སྐྱེ་ཁམས་སླར་གསོའི་ཐད་མངོན་གསལ་དོད་པའི་གྲུབ་འབྲས་བླངས་ཡོད་པ་བསྟན། སྙན་ཞུའི་ཁྲོད་ནགས་ཚལ་བཅའ་ཁྲིམས་ལག་བསྟར་བྱེད་པའི་དཀའ་ངལ་དང་གནད་དོན་གཙོ་བོར་དབྱེ་ཞིབ་བྱས་ཡོད་ལ། ནགས་ཚལ་ཐོན་ཁུངས་ཀྱི་སྤྱི་འབོར་སྤུས་ཚད་སྔར་བས་མཐོ་རུ་བཏང་ནས། ནགས་ས་ནགས་ལས་པའི་ཁེ་དབང་སྲུང་སྐྱོང་ལ་ཤུགས་སྣོན་པ་དང་། ནགས་ལས་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཀྱི་བསམ་འཆར་དང་གྲོས་འཆར་བཏོན།

ཚོགས་འདུའི་ཐོག་ཀྲུང་གོ་མི་དམངས་དངུལ་ཁང་གི་མགོ་གཙོ་ཕན་ཀུང་ཧྲེང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་ཕུལ་བའི་དངུལ་རྩའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི2024ལོའི་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར་གྲོས་ཞིབ་བྱས་པ་དང་། ནོར་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་ཀུའོ་ཐིང་ཐིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་ཕུལ་བའི2024ལོའི་ཁེ་ལས་ཀྱི་རྒྱལ་དབང་རྒྱུ་ནོར(དངུལ་རྩའི་ཁེ་ལས་ཚུད་མེད)དོ་དམ་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུར་ཉན་ལ།  རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་སྔོན་རྩིས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞུས་ཧུང་ཚའེ་ཡིས་ཕུལ་བའི2024ལོའི་ཁེ་ལས་ཀྱི་རྒྱལ་དབང་རྒྱུ་ནོར(དངུལ་རྩའི་ཁེ་ལས་ཚུད་མེད)དོ་དམ་གནས་ཚུལ་སྐོར་གྱི་ལྟ་སྐུལ་རྟོག་ཞིབ་སྙན་ཞུར་ཉན།

ཚོགས་འདུའི་ཐོག་ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་ཧི་རུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་ཕུལ་བའི་ཁྲིམས་ཆད་ལག་བསྟར་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུར་ཉན།

ཚོགས་འདུའི་ཐོག་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཀྲང་ཅུན་གྱིས་ཕུལ་བའི་མི་དམངས་ཁྲིམས་ཁང་གི་མཚོ་དོན་འདྲི་གཅོད་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཡུན་ཡུང་གིས་ཕུལ་བའི་མི་དམངས་ཞིབ་དཔྱོད་ཁང་གི་ཁྲིམས་ཆད་ལག་བསྟར་ལྟ་སྐུལ་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།

ཨུ་ཡོན་ཀྲང་གཞོན་པ་ཧི་ཝེ་ཡིས་ཚོགས་འདུར་འགོ་འཛིན་མཛད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།