
ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་སིང་ག་ཕོར་དུ་སིང་ག་ཕོར་གྱི་ཙུང་ལི་གཞོན་པ་ཡན་ཅིན་ཡུང་དང་ལྷན་དུ་ཀྲུང་གོ་དང་སིང་ག་ཕོར་གྱི་བཟོ་ཚོང་ལས་རིགས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས།
ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་སིང་ག་ཕོར་དུ་སིང་ག་ཕོར་གྱི་ཙུང་ལི་གཞོན་པ་ཡན་ཅིན་ཡུང་དང་ལྷན་དུ་ཀྲུང་གོ་དང་སིང་ག་ཕོར་གྱི་བཟོ་ཚོང་ལས་རིགས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས།
ལི་ཆང་གིས་བསྟན་དོན། འདས་པའི་ལོ་ངོ35རིང་། ཀྲུང་གོ་དང་སིང་ག་ཕོར་གཉིས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་མཉམ་ལས་ལ་ཡུན་རིང་འཕེལ་རྒྱས་བྱུང་ནས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ལག་ལེན་ལས་ཀྲུང་གོ་དང་སིང་ག་ཕོར་གྱི་འཕེལ་རྒྱས་ནི་ཕན་ཚུན་ངོས་ནས་བརྗོད་ན་གོ་སྐབས་གལ་ཆེན་ཞིག་ཡིན་པས། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། སྒོ་འབྱེད་མཉམ་ལས་བཅས་རྒྱུན་འཁྱོངས་བྱས་ཚེ། ད་གཟོད་ཕན་ཚུན་ལ་རྒྱལ་ཁ་ཐོབ་པའི་ཁྲོད་དར་རྒྱས་མཉམ་སྤྱོད་དང་མ་འོངས་མཉམ་བསྐྲུན་བྱེད་ཐུབ་པ་གསལ་བོར་ར་སྤྲད་ཡོད།
ལི་ཆང་གིས་བསྟན་དོན། མ་འོངས་པར་རྒྱང་ལྟ་ཞིག་བྱས་ན། ཀྲུང་གོ་དང་སིང་ག་ཕོར་གྱི་མཉམ་ལས་དེས་རྒྱུན་ཆད་མེད་པར་སྤུས་འདེགས་རིམ་སྤོར་དང་། ཁྱད་ཆོས་གསར་པ་མངོན་གྱིན་ཡོད་སྟབས། འདིའི་ཐད་རྒྱལ་ཁབ་གཉིས་ཀའི་བཟོ་ཚོང་ལས་རིགས་ཀྱིས་ཐུན་མོང་ཐོག་རོགས་ཤུགས་འདོན་དགོས་ལ། དེ་བཞིན་འདིས་རྒྱལ་ཁབ་གཉིས་ཀ་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་སྦྱིན་ངེས། ཀྲུང་གོའི་དཔལ་འབྱོར་ལ་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པའི་རྨང་གཞི་བརྟན་པོ་ཡོད་དེ། ཀྲུང་གོས་མུ་མཐུད་ནས་བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། ཚོང་རར་ཞུགས་པའི་ཆ་རྐྱེན་སྔར་ལས་ཇེ་ལྷོད་དུ་གཏོང་བ། ཚོང་གཉེར་ཁོར་ཡུག་མུ་མཐུད་ནས་ཇེ་ལེགས་སུ་གཏོང་བ་དང་། ཕྱི་ནང་མ་རྩའི་ཁེ་ལས་ལ་ཕྱོགས་རིས་མེད་པར་བྱས་ནས། ཁེ་ལས་ཀྱི་ལུགས་མཐུན་དོ་ཁུར་གནད་དོན་ཧུར་ཐག་གིས་ཐག་གཅོད་བྱས་ཏེ། ཀྲུང་གོ་དང་སིང་ག་ཕོར་གྱི་ཁེ་ལས་ལ་སྔར་ལས་འཕེལ་རྒྱས་ཆེན་པོ་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན།