རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ང་བཞི་པ་བསྡུས་ནས། འབྲེལ་ཡོད་འཆར་ཟིན་དང་གྲོས་གཞིར་གྲོས་ཞིབ་བྱས་ཚུལ་གྱི་སྙན་ཞུར་ཉན་པ་དང་། ཀྲའོ་ལི་ཅི་ཡིས་འགོ་འཛིན་མཛད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན།

ཟླ10པའི་ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས54པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་འགོ་འཛིན་མཛད།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས54པ་ཚེས26ཉིན་གྱི་ཕྱི་དྲོར་པེ་ཅིང་དུ་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་འགོ་འཛིན་མཛད།

གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞིན་ཁྲོན་དབྱིན་གྱིས་ཕུལ་བའི་མཚོ་ཐོག་ཉོ་འཚོང་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས་ཀྱི་ཆོད་དོན་འཆར་ཟིན་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ། གྲོང་ཁྱེར་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ། དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་ཀྱི་ཆོད་དོན་འཆར་ཟིན་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ། ཁོར་ཡུག་སྲུང་སྐྱོང་ཁྲལ་བསྡུའི་བཅའ་ཁྲིམས་ཀྱི་ཆོད་དོན་འཆར་ཟིན་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ་བཅས་ལ་ཉན་པ་དང་། འབྲེལ་ཡོད་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལོའུ་ཆིན་ཅན་གྱིས་ཕུལ་བའི་《<མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས>ཁྲོད་རྒྱལ་ཁབ་ཀྱི་དོ་དམ་ཁྱབ་ཁོངས་ཕུད་པའི་ས་ཁོངས་ཀྱི་རྒྱ་མཚོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་བདག་སྐྱོང་དང་རྒྱུན་མཐུད་བེད་སྤྱོད་ཆོག་པའི་གྲོས་ཆོད》དང་། 《〈དངུལ་ཆུའི་ཆུའི་སྤྱི་ཆིངས་སྐོར་གྱི་སྤྱི་ཆིངས〉ཆིངས་འཇོག་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ལྔ་པའི་སྟེང་ཨང་རྟགས་ལྔ་བའི་རིམ་པ་བཞི་བའི་ཆོད་དོན་གྱིས〈དངུལ་ཆུའི་ཆུའི་སྤྱི་ཆིངས་སྐོར་གྱི་སྤྱི་ཆིངས〉ཟུར་བཀོད་ཡིག་ཆAདང་ཟུར་བཀོད་ཡིག་ཆ་Bལ་བཟོ་བཅོས》བྱ་རྒྱུ་དང་།  ཀྲུང་གོ་དང་ཙམ་པབ་ཝེ་ཡི་ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་སྐོར་གྱི་ཆིངས་ཡིག   ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་སྐོར་གྱི་ཆིངས་ཡིག་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན་པ་དང་།  ཆིངས་ཡིག་ལ་ཆོག་མཆན་འགོད་རྒྱུའི་སྐོར་གྱི་ཆོད་དོན་འཆར་ཟིན་གྱི་ཚབ་བྲིས་མ་ཡིག་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་ཕུལ་བའི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ་སོགས་ལ་ཉན།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་ལིའུ་ཅུན་ཁྲིན་གྱིས་ཕུལ་བའི་གསར་དུ་བསྣན་པའི་མི་དོན་བསྐོ་འཐེན་དོན་ཚན་སྐོར་གྱི་སྙན་ཞུར་ཉན།

ཨུ་ཡོན་ཀྲང་གྲོས་ཚོགས་ལས་གོང་གསལ་འཆར་ཟིན་བཟོ་བཅོས་མ་ཡིག་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།