ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་ལས་ཁང་གིས་དཔེ་དེབ་བཀྲམས་ཏེ་སྐོར་ཞིབ་ལས་བྱེད་པའི་ནུས་པ་མཐོར་འདེགས་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་ལས་བྱེད་པའི་རུ་དཔུང་འཛུགས་པར་ཤུགས་སྣོན་དང་།  སྐོར་ཞིབ་ལས་བྱེད་པའི་ལས་སྒྲུབ་གཞུང་ལུགས་ཀྱི་ཆུ་ཚད་དང་ཆབ་སྲིད་ཀྱི་བྱང་ཚད་ཏན་ཏིག་གིས་མཐོར་འདེགས་གཏོང་ཆེད།  ཟླ10བའི་ཟླ་སྨད་དུ།  མཚོ་སྔོན་ཞིང་ཆེན་ཏང་ཨུ་སྐོར་ཞིབ་གཞུང་ལས་ཁང་གིས་ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་ལས་ཁུངས་དང་གྲོང་ཁྱེར་དང་ཁུལ།  རྫོང་དང་ཆུས་བཅས་ཀྱི་སྐོར་ཞིབ་ལས་བྱེད་པར་གཅིག་གྱུར་སྒོས་ཆེད་དོན་སློབ་སྦྱོང་གི་དཔེ་དེབ་ཉོ་སྒྲུབ་བྱས།  དཔེ་དེབ་ཀྱི་སྣ69ཡོད་ལ་ཁྱོན་བསྡོམས་དེབ4700ཡོད།

ཐེངས་འདིར་བྱིན་པའི་དཔེ་དེབ་ཀྱི་ནང་དོན་ལ་གཙོ་གནད་འབུར་ཐོན་ཡིན་ལ།  ཆེད་དམིགས་རང་བཞིན་ཤུགས་དྲག་པའི་ཁྱད་ཆོས་ལྡནཔ་དང་།  གཙོ་བོ་ཕྱོགས་གཉིས་ཀྱི་ནང་དོན་འདུས་ཡོད།  གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན།  རིག་གནས་འཛུགས་སྐྲུན།  སྤྱི་ཚོགས་འཛུགས་སྐྲུན།  སྐྱེ་ཁམས་འཛུགས་སྐྲུན། “ཞིང་གསུམ”བྱ་བ་དང་ཏང་འཛུགས་སྐྲུན་སོགས་ལས་རིགས་དང་ཁྱབ་ཁོངས་མང་བོའི་རྒྱས་བཤད་གཙོ་བོ་ཡིན་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་གཏིང་ཟབ་བྱེད་པ་དང་།  ཆབ་སྲིད་སྐོར་ཞིབ་ཟབ་སྤེལ་བྱེད་པར་རྩ་བའི་གཞི་འཛིན་ས་དང་བསམ་བློའི་ལག་ཆ་འདོན་སྤྲོད་བྱས་ཡོད།  གཉིས་ནི་སྐོར་ཞིབ་བྱ་བའི་སྲིད་ཇུས་དང་ཁྲིམས་སྲོལ།  བརྒྱུད་རིམ་དང་ཚད་ལྡན།  བྱེད་སྟངས་དང་བྱེད་ཐབས།  དཔེ་གཞིའི་དབྱེ་ཞིབ་དང་ལག་ལེན་གྱི་ཉམས་མྱོང་སོགས་ཆེད་ལས་ཀྱི་ནང་དོན་ཡིན་ལ།སྐོར་ཞིབ་ལས་བྱེད་པས་བྱ་བའི་ཆོས་ཉིད་ལ་ངོས་ཤེས་ཐོབ་པ་དང་ཁོང་དུ་ཆུད་པར་བྱེད་ཆེད་ཡིན།  ཉམས་མྱོང་དང་བྱེད་སྟངས་གལ་ཆེན་དཔྱད་གཞིར་བཟུང་ནས།  གནད་དོན་གསལ་རྟོགས་དང་གནད་དོན་དབྱེ་ཞིབ།  གནད་དོན་ཐག་གཅོད་བཅས་ཀྱི་ནུས་པ་མཐོར་འདེགས་བཏང་ཡོད།

དཔེ་དེབ་དུས་ལྟར་བྱིན་པ་ནི།  ཞིང་ཆེན་ཏང་ཨུ་སྐོར་ཞིབ་གཞུང་ལས་ཁང་གིས་དུས་རབས་གསར་བའི་སྐོར་ཞིབ་བྱ་བར་བཏོན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་ལས་བྱེད་པའི་རུ་དཔུང་གི་ཆེད་ལས་རང་བཞིན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱེད་སྟངས་གལ་ཆེན་ཞིག་ཡིན་པ་དང་།  ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་ལས་བྱེད་པའི་གཞུང་ལུགས་ཀྱི་ལག་ཆ་ཟབ་སྤེལ་བྱེད་པར་གཞོགས་འདེགས་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་ལ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ།  ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ལ་མུ་མཐུད་དུ་ཤུགས་བསྣན་ཡོད།  ཆེད་ལས་ཀྱི་ཤེས་བྱར་མ་ལག་རང་བཞིན་གྱིས་སློབ་སྦྱོང་བྱས་པ་བརྒྱུད།  བྱ་བའི་གོ་རིམ་དང་བྱེད་སྟངས་དང་བྱེད་ཐབས།  སྒྲིག་སྲོལ་གྱི་བླང་བྱ་བཅས་ཁོང་དུ་ཆུད་པར་བྱས་ནས།  ལས་གནས་ཀྱི་འགན་འཁྲི་ལེགས་སྒྲུབ་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཡོད།  སྔོན་ཐོན་གྱི་ཉམས་མྱོང་དང་མཚོན་བྱེད་ཅན་གྱི་དཔེ་གཞི་གཞིར་བཟུང་ནས། བྱ་བའི་བསམ་ཕྱོགས་རྒྱ་བསྐྱེད་དང་།  གནད་ཁེལ་གྱིས་གསལ་རྟོགས་དང་ངེས་གཤིས།  གནད་དོན་སྙན་ཞུ་བཅས་ཀྱི་ནུས་པ་མཐོར་འདེགས་བཏང་ཡོད། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།