
ལས་བྱེད་པས་ཉིན་གཅིག་ལས་ཀ་ཟིན་ཐོར་འགོད་པ།

སྲོག་ཆགས་ཆུང་ངུར་ཚད་འཇལ་ཆས་འདོགས་པ།

རོགས་སྐྱོབ་ས་ཚོགས་ཀྱིས་སྐྱ་ཁྲ་ཞིག་ཕྱི་རུ་གཏོང་བ།

ཝ་དམར།


མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་རི་སྐྱེས་སྲོག་ཆགས་སྲོག་སྐྱོབ་གསོ་སྤེལ་ས་ཚིགས།
མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་རྫོང་ཁོངས་སུ་ཡོད་པའི་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་སྲོག་སྐྱོབ་གསོ་སྤེལ་ས་ཚིགས་ཀྱིས་རི་སྐྱེས་སྲོག་ཆགས་སྲོག་སྐྱོབ་དང་རི་སྐྱེས་སྲོག་ཆགས་རྟོག་ཞིབ་ཚད་ལེན། སྲོག་ཆགས་རོགས་སྐྱོབ་དང་ཕྱིར་རང་བྱུང་ཁམས་སུ་བཏང་རྗེས་ཀྱི་ཚད་ལེན། ཚན་རིག་ཁྱབ་གདལ་དང་དྲིལ་སྒྲོག རང་བྱུང་སློབ་གསོ་ལ་སོགས་ཀྱི་ལས་འགན་ཁུར་ཡོད།
ཉེ་ལམ་གསར་འགོད་པ་ས་ཚིགས་དེར་བསྐྱོད་པ་ན། རི་སྐྱེས་སྲོག་ཆགས་ཀྱི་ཁང་པའི་ཕྱི་ནང་དུ་སྐྱ་ཁྲ་དང་། ནེའུ་ལེ། རི་ཞུམ། ཤ་སྐྱ་སོགས་བསྡུ་ཉར་བྱས་པའི་རི་སྐྱེས་སྲོག་ཆགས་ཀྱི་གནས་སྟངས་ཡག་པོ་མཐོང་བ་མ་ཟད། སྲོག་སྐྱོབ་ས་ཁོངས་དང་། གསོ་སྤེལ་ས་ཁོངས། ཕྱོགས་བསྡུས་ཞབས་ཞུ་དོ་དམ། ཟུར་གཏོགས་སྒྲིག་ཆས་ས་ཁོངས་བཅས་བཀོད་སྒྲིག་ཆ་ཚང་བྱས་འདུག
རི་སྐྱེས་སྲོག་ཆགས་སྲོག་སྐྱོབ་གསོ་སྤེལ་ས་ཚིགས་ཀྱི་འགོ་བ་མཱ་ཚུན་ཞིན་གྱིས་འདི་སྐད། ས་ཚིགས་དེ་བཙུགས་ནས་བཟུང་ད་བར་དུ་རི་སྐྱེས་སྲོག་ཆགས་རིགས་མི་འདྲ་བ37ཏེ་ཁྱོན་བསྡོམས234བསྐྱབས་ཤིང་། དེའི་ནང་དུ་གཅན་གཟན་རིགས88དང་། འདབ་ཆགས་ཀྱི་རིགས146ཡོད་ལ། རྒྱལ་ཁབ་སྲུང་སྐྱོབ་རིམ་པའི་སྲོག་ཆགས་རིགས28འདུ་ཞེས་ཟེར། །