མི་མང་པོ་ཞིག་གིས་ལུས་ཤ་རྒྱགས་པོ་ཆགས་པ་དེར་ལུས་སེམས་གཉིས་ཀའི་ཁུར་པོ་ཞིག་ཏུ་གྱུར་ནས་ཚོ་བཤང་འདོད་ཀྱི་འདུན་པ་ཧ་ཅང་ཆེ་ཡང་། འགུལ་སྐྱོད་མི་བདེ་བའམ་ཡིད་ཆེས་དང་སྤོབས་པས་མ་ནུས་པའི་དབང་གིས་རང་ཤ་ཚོན་པོར་བལྟས་ནས་སྔམ་འཐེན་ཁོ་ན་བྱེད། དེ་ན་འགུལ་སྐྱོད་བྱེད་མི་དགོས་ལ། ཚོ་བཤང་གི་སྨན་ཡང་འཐུང་མི་དགོས་པའི་ཚོ་བཤང་ཐུབ་པའི་ཐབས་ལམ་ཞིག་ཡོད་དམ་ཞེས་ན། དེ་རིང་། ཚང་མར་འགུལ་སྐྱོད་བྱེད་མི་དགོས་པའི་ཚོ་བཤང་ཐབས་ཞིག་ངོ་སྤྲོད་བྱ།

《ཚེ་སྲོག་སྐབས་དོན་ཚགས་པར》སྟེང་སྤེལ་བའི་གནས་ཚུལ་ལྟར་ན། གཤམ་གྱི་གོམས་གཤིས་་འདི་དག་གོམས་ན་ཚོ་བཤང་ཐུབ་པ་སྟེ།
1. ཆུ་མང་ཙམ་འཐུང་ན་ལེགས་ཏེ། ཉིན་རེར་མ་མཐའ་ཡང་ཧའོ་ཧྲེན2000ངེས་པར་དུ་འཐུང་དགོས།

2. ཞོགས་ཟས་འོས་འགྲིག་བསྟེན་ནས་ལུས་ཀྱི་སྙིགས་དོར་བཅུད་ལེན་གྱི་ནུས་པ་མཐོར་འདེགས་གཏོང་ཐུབ། དཔེར་ན་གོ་རེ་དང་། འོ་མ། སྒོ་ང་ལྟ་བུ།

3. གཉིད་འདང་བ་དང་སྔ་ཉལ་སྔ་ལངས་བྱེད་པ། གལ་ཏེ་ངེས་པར་དུ་མཚན་རྒྱག་དགོས་བྱུང་དུས། མ་མཐའ་ཡང་གོམས་གཤིས་བཟང་བོ་ཆགས་དགོས། དཔེར་ན། དགོང་མོའི་ཆུ་ཚོད12སྟེང་གཉིད་པར་གོམས་ཚེ། ཞོགས་པའི་ཆུ་ཚོད8ཀྱི་སྟེང་ཡར་ལངས་པར་གོམས་དགོས། གོམས་གཤིས་འདི་ལྟར་ངལ་གསོའི་དུས་ཚོད་ལེགས་སྒྲིག་བྱ་དགོས།

4. ཟ་མ་ཟ་བའི་མྱུར་ཚད་ཇེ་དལ་དུ་གཏོང་དགོས། ངེས་པར་དུ་མང་པོ་ལྡད་དེ་དལ་མིད་བྱེད་དགོས།
5. ཟ་མ་ཟ་བའི་གོ་རིམ་བསྒྱུར་ཏེ། སྔོན་ལ་སིལ་ཏོག་དང་བར་དུ་སྔོ་ཚལ་ཟས་རྗེས། ཤ་དང་འབྲས་ལ་སོགས་བསྟེན་ན་ལེགས།
6. ཕྱི་དྲོའི་ཆུ་ཚོད་གསུམ་གྱི་རྗེས་ནས་སིལ་ཏོག་མང་པོ་མི་ཟ་བ།
7. ཐེངས་རེར་ཟ་མ་ཟོས་ཚར་རྗེས་རྒྱབ་གྱང་ལ་གཏད་ནས་སྐར་མ་བཅོ་ལྔ་ལངས་དགོས། དེ་སྐེད་པ་དང་ཁོག་སྨད་ཀྱི་ཤ་རྒྱག་པའི་མི་ལ་ལྷག་ཏུ་ཕན། ཚོ་བཤང་ནི་རྨོངས་ཚོད་ཀྱིས་ཟ་མ་ཉུང་ཟ་དང་སྨྱོ་བ་ལྟར་འགུལ་སྐྱོད་མང་ཙམ་བྱེད་པ་ཙམ་མིན་པར། ཚན་རིག་གི་ཐབས་ཤེས་སྤྱད་དེ་བདེ་ཐང་གི་ལམ་ནས་ཚོ་བཤང་བར་སྦྱོང་བརྡར་བྱེད་དགོས།