ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཚེས20ཉིན་གྱི་སྔ་དྲོར་པེ་ཅིན་དུ་འཚོགས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚབ་མཛད་དེ་ཚང་འཛོམས་གྲོས་ཚོགས་ལ་བྱ་བའི་སྙན་ཞུ་ཕུལ་བ་མ་ཟད། 《ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་གཏན་འབེབས་བཟོ་བའི་སྐོར་གྱི་གྲོས་གཞིའི(གྲོས་བསྡུར་འཆར་ཟིན)》ཐད་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་།