མཚོ་སྔོན་གྱི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་འདི་འདྲ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཟླ10ཚེས17ཉིན་ལ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ཡི་གཞུང་ཕྱོགས་དྲ་བས་རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་སོ་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མ་མཐའི་གླ་ཕོགས་ཚད་གཞི(2025ལོའི་ཟླ10ཚེས1ཉིན་བར)ཁྱབ་སྒྲོག་བྱས།
  ཅི་ཞིག་ལ་མ་མཐའི་གླ་ཕོགས་ཚད་གཞི་ཟེར།  མ་མཐའི་གླ་ཕོགས་ཚད་གཞི་ནི་ངལ་རྩོལ་བས་ཁྲིམས་བཀོད་ཀྱི་ལས་ཀའི་དུས་ཚོད་དམ་ཡང་ན་ཁྲིམས་བཞིན་ངལ་རྩོལ་གན་རྒྱའི་ནང་ཁ་ཆད་བྱས་པའི་ལས་ཀའི་དུས་ཚོད་ནང་དུ་རྒྱུན་ལྡན་གྱི་ངལ་རྩོལ་འདོན་སྤྲོད་བྱས་པའི་སྔོན་འགྲོའི་འོག   མི་བཀོལ་ལས་ཁུངས་ཀྱིས་ཁྲིམས་བཞིན་དུ་མ་མཐའི་ངལ་རྩོལ་གྱི་གླ་དངུལ་སྤྲོད་པ་ལ་ཟེར།  དེ་ལས་རྒྱུན་ལྡན་ངལ་རྩོལ་ཞེས་པ་ནི།  ངལ་རྩོལ་པས་ཁྲིམས་བཞིན་དུ་ངལ་རྩོལ་གན་རྒྱའི་ནང་ལྟར་ཁྲིམས་བཀོད་ཀྱི་ལས་ཀའི་དུས་ཚོད་དམ་ངལ་རྩོལ་གན་རྒྱར་ཁ་ཆད་བྱས་པའི་ལས་ཀའི་དུས་ཚོད་ནང་དུ་ངལ་རྩོལ་བྱེད་པ་ལ་གོ  ངལ་རྩོལ་པས་ཁྲིམས་བཞིན་དུ་གླ་ཕོགས་ཡོད་པའི་གུང་གསེང་དང་།  གཉེན་འཕྲད་གནང་བ།  གཉེན་སྟོན་དང་འདས་འཇུག་གནང་བ། བུ་བཙའི་གནང་བ། སྦྲུམ་འགོག་གཤག་བཅོས་ཀྱི་གནང་བ་ལ་སོགས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་གནང་བ་དང་གུང་གསེང་གི་སྐབས་དང་།  ཁྲིམས་བཀོད་ལས་ཀའི་དུས་ཚོད་ནང་དུ་ཁྲིམས་བཞིན་སྤྱི་ཚོགས་བྱེད་སྒོར་ཞུགས་པའི་སྐབས་ནི་རྒྱུན་ལྡན་གྱིས་ངལ་རྩོལ་འདོན་སྤྲོད་བྱེད་པར་གོ །
  ད་སྔ་མ་མཐའི་གླ་ཕོགས་ཚད་གཞིའི་རིམ་པ་ལ་བཞི་ཡོད།  གཞི་གྲངས་ལས་མངོན་པ་ལྟར་ན།  ཟླ་རེའི་མ་མཐའི་གླ་ཕོགས་ཚད་གཞི་ལ་བལྟས་ན།  ཧྲང་ཧའེ་ཡི་མ་མཐའི་གླ་ཕོགས་ཚད་གཞི་ནི་སྒོར2740ཡིན་ཞིང་རྒྱལ་ཡོངས་ཀྱི་དང་པོ་ཆགས་ཡོད།   ཆུ་ཚོད་རེའི་མ་མཐའི་འཚོ་བའི་གླ་ཕོགས་ཀྱི་ཚད་གཞི་ལ་བལྟས་ན།  པེ་ཅིང་གིས་ཆུ་ཚོད་རེར་སྒོར27.7སྟེར་བ་དང་། རྒྱལ་ཡོངས་ཀྱི་ཆེས་མཐོ་ཤོས་རེད། དེའི་ནང་མཚོ་སྔོན་གྱི་རིམ་པ་དང་པོའི་ཟླ་རེའི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་ནི2080ཡིན་པ་དང་།  རིམ་པ་དང་པོའི་ཆུ་ཚོད་རེའི་མ་མཐའི་གླ་ཕོགས་ཚད་གཞི་ནི་སྒོར20རེད།
  གཤམ་དུ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་ཁག་གི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་ལ་གཟིགས་རོགས། 

མཆན:གོང་གི་རེའུ་མིག་ནི2025ལོའི་ཟླ10བའི་ཚེས1ཉིན་བར་གྱི་གཞི་གྲངས་ཡིན།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།