ཀྲའོ་ལི་ཅི་ཡིས་མགོ་འཛིན་གནང་སྟེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་ང་གཅིག་པ་བསྡུས།

ཡོང་ཁུངས། ཤིན་ཧྭ་གསར་འགྱུར་དྲ་བ།

ཟླ10པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་ང་གཅིག་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་འཚོགས། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་ང་གཅིག་པ་ཚེས15ཉིན་གྱི་སྔ་དྲོར་པེ་ཅིན་དུ་འཚོགས། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་གནང་། གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་ཟླ10པའི་ཚེས24ཉིན་ནས་ཚེས28ཉིན་བར་པེ་ཅིན་དུ་འཚོགས་རྒྱུའི་ཐག་བཅད།

ཨུ་ཡོན་ཀྲང་གི་གྲོས་ཚོགས་ཀྱིས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་སྟེང་དུ། མཚོ་ཐོག་ཚོང་དོན་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། གྲོང་ཁྱེར་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། ཁོར་ཡུག་སྲུང་སྐྱོབ་ཁྲལ་དོན་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་སྦགས་བཙོག་འགོག་བཅོས་འཆར་ཟིན་དང་བཅའ་ཁྲིམས་ཀྱི་འགན་འཁྲི། ཞར་བྱུང་དོན་ཚན་བཅས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུ་དང་། རྒྱལ་ཡོངས་དམངས་ཆེན་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་བཅའ་ཁྲིམས་ཀྱི་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་སྤྲོད་པའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྨོ་ཞིང་སྲུང་སྐྱོང་དང་སྤུས་ཚད་མཐོ་རུ་གཏོང་བའི་བཅའ་ཁྲིམས་འཆར་ཟིན་གྲོས་ཞིབ་བྱ་རྒྱུར་སྤྲོད་པའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི《〈མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་ཀྱི་སྤྱི་ཆིངས〉འོག་རྒྱལ་ཁབ་ཀྱི་མངའ་ཁོངས་ཕྱིའི་ས་ཁོངས་ཀྱི་རྒྱ་མཚོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་བདག་སྐྱོང་དང་རྒྱུན་མཐུད་བེད་སྤྱོད་ཆོག་པའི་གྲོས་ཆོད》དང་། 《〈དངུལ་ཆུའི་སྐོར་གྱི་ཆུ་མའི་སྤྱི་ཆིངས〉ཆིངས་འཇོག་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ལྔ་པའི་ཡིག་ཆ་ལྔ་པ་དང་བཞི་པའི〈དངུལ་ཆུའི་སྐོར་གྱི་ཆུ་མའི་སྤྱི་ཆིངས་ཀྱི〉ཟུར་བཀོད་ཡིག་ཆAདངBལ་བཟོ་བཅོས་རྒྱག་པའི་སྐོར་གྱི་ཐག་གཅོད》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཙམ་པབ་ཝེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་སྐོར་གྱི་ཆིངས་ཡིག》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ཕྲན་མཉམ་འབྲེལ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་སྐོར་གྱི་ཆིངས་ཡིག》བཅས་ལ་གྲོས་ཞིབ་དང་ཆོག་མཆན་འགོད་རྒྱུར་སྤྲོད་པའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུའི་བསམ་ཚུལ་བཏོན།

ཨུ་ཡོན་ཀྲང་གི་གྲོས་ཚོགས་ཀྱིས་བསམ་ཚུལ་བཏོན་པའི་རྒྱུན་ཨུ་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་གྲོས་རིམ་ལ་ད་དུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་རྩའི་ལས་དོན་སྐོར་གྱི་སྙན་ཞུ་དང་། 2024ལོའི་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ། 2024ལོའི་ལོ་འཁོར་གྱི་ཁེ་ལས་ཀྱི་རྒྱལ་དབང་རྒྱུ་ནོར(དངུལ་རྩའི་ཁེ་ལས་འདུས་མེད)དོ་དམ་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ། ཁྲིམས་ཆད་ལག་བསྟར་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས་ལ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མི་དམངས་ཁྲིམས་ཁང་གི་མཚོ་དོན་འདྲི་གཅོད་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པ་ལས་གཞན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཁྲིམས་ཆད་ལག་བསྟར་ལྟ་སྐུལ་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས། དེ་མིན་ད་དུང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚོ་ཆུང་གིས་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་དང་ནགས་ཚལ་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྙན་ཞུ་གཉིས་ལ་གྲོས་ཞིབ་བྱས་པ་དང་། རྒྱལ་ཡོངས་དམངས་ཆེན་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་། ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སོ་སོར་བཏོན་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཞིབ་བྱ་རྒྱུར་སྤྲད་པའི་འཐུས་མིས་བཏོན་པའི་གྲོས་གཞིར་གྲོས་ཞིབ་བྱས་པའི་མཇུག་འབྲས་ཀྱི་སྙན་ཞུར་གྲོས་ཞིབ་བྱས་ལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཁག་གཅིག་གི་འཐུས་མིའི་ཐོབ་ཐང་གི་སྙན་ཞུར་གྲོས་ཞིབ་བྱས་པར་མ་ཟད། འབྲེལ་ཡོད་བསྐོ་འཐེན་གྲོས་གཞི་སོགས་ལ་གྲོས་ཞིབ་བྱ་རྒྱུའི་གྲོས་གཞི་བཏོན།

ཨུ་ཡོན་ཀྲང་གི་གྲོས་ཚོགས་སྟེང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་རྒྱུན་ཨུ་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་གྲོས་རིམ་དང་ཉིན་རེའི་གྲོས་རིམ་བཀོད་སྒྲིག་ཐད་ནས་སྙན་ཞུ་ཕུལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་། རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དམིགས་ཨུ་ཡོན་ལྷན་ཁང་། རྒྱུན་ཨུ་ལྷན་ཁང་གི་འབྲེལ་ཡོད་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣས་འབྲེལ་ཡོད་གྲོས་གཞིར་དམིགས་ཏེ་སྙན་ཞུ་ཕུལ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་དང་ཝང་ཏུང་མིན། ཞའོ་ཅེ། ཀྲིན་ཅན་པང་། ཏིན་ཀྲུང་ལི། ཚའེ་ཏ་ཧྥིན། ཝུའུ་ཝེ་ཧྭ། ཐེ་ཉིང་། ཕིན་ཆིན་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁི་ལའེ་ཐི་ཀྲ་ཁི་ཨེར་བཅས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།