དུས་རབས་གསར་པའི་ཁུ་ནུ་རིག་གནས་རྒྱུད་འཛིན་འཕེལ་རྒྱས་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་དང་། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་དང་མཚོ་སྔོན་ཁུ་ནུ་རིག་གནས་ཞིབ་འཇུག་གླིང་བཅས་ཀྱིས་མཉམ་དུ་འགན་སྒྲུབ་བྱས་པའི་ཁུ་ནུ་རིག་གནས་རྒྱུན་མཐུད་སྐོར་གླེང་བ་སྟེ་དུས་རབས་གསར་པའི་ཁུ་ནུ་རིག་གནས་རྒྱུད་འཛིན་འཕེལ་རྒྱས་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་སྙན་ངག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཅིན་ཅི་ཏེ་མཱ་ཅ་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གཙོ་དོན་གཏམ་བཤད་གནང་།

ཐེངས་འདིའི་བཞུགས་མོལ་ཚོགས་འདུས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བཟུང་ཞིང་། ཁུ་ནུ་རིག་གནས་ཀྱི་སྙིང་སྟོབས་དང་ནང་དོན་ལ་མ་ལག་ལྡན་པའི་སྒོ་ནས་ཞིབ་འཇུག་དང་འགྲེལ་བཤད་བྱས་པ་དང་། ཁུ་ནུ་རིག་གནས་ཀྱི་དུས་རབས་རིན་ཐང་སྔོན་འདོན་གཏིང་ཟབ་བྱས་པར་མ་ཟད། ཁུ་ནུ་རིག་གནས་ཀྱི་སྙན་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཚད་མཐོར་འདེགས་བཏང་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་སྐྲུན་རང་བཞིན་གྱི་ཚུལ་སྒྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རིག་གནས་སྟོབས་ལྡན་རྒྱལ་ཁབ་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་རིག་གནས་འཛུགས་སྐྲུན་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པ་བསྟན།

བཞུགས་མོལ་ཚོགས་འདུའི་གཙོ་དོན་གཏམ་བཤད་ཀྱི་བརྒྱུད་རིམ་ཁྲོད། ཆེད་མཁས་པ་དྲུག་གིས་ཟུར་མི་འདྲ་བ་ནས་ཁུ་ནུ་རིག་གནས་ལ་གསལ་འགྲེལ་བྱས། ཅི་ཏེ་མཱ་ཅ་ཡིས《ཁུ་ནུའི་ལྷ་སྒྲུང་གི་དངོས་ཡོད་དོན་སྙིང་དང་གོ་ལ་ཧྲིལ་བོ་ཅན་གྱི་རྒྱབ་ལྗོངས་འོག་གི་རིག་གནས་ཕན་ཚུན་དཔེ་ལྟ་བྱེད་པ》ཞེས་པར་དམིགས་པ་དང་། ཧན་ཙི་ཡུང་གིས《ཁུ་ནུ་རིག་གནས་ཀྱི་སྙིང་སྟོབས་རྩ་རྒྱུད་འབྲི་བ》ཞེས་པར་བགྲོ་གླེང་བྱས་ཤིང་། ཀྲའོ་ཙུང་ཧྥུའུ་ཡིས《ཆུ་ཁུངས་ཁུ་ནུའི་རིག་གནས་འཛུགས་སྐྲུན་དང་མ་འོངས་འཕེལ་རྒྱས》ལ་གསལ་འགྲེལ་བྱས་པ་དང་། ཐུང་ཐའོ་ཡིས《“སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོསརྙེད་པ་དང་ཁུ་ནུ་ཆེན་མོའི་གནའ་དཔྱད་བྱ་བ》ཞེས་པ་མཉམ་སྤྱོད་བྱས། ཐང་ཧུའེ་ཧྲིན་གྱིས《མཱ་ཅ་ཡའོ་རྫ་ཆས་ཁྲོད་ཀྱི་ཁུ་ནུ་རིག་གནས》ཞེས་པ་གསལ་འགྲེལ་བྱས། ཧུའུ་ཧྥང་གིས་མཚོ་སྔོན་ཁུ་ནུ་རིག་གནས་ཀྱི་བསླབ་ཚན་མང་པོའི་ཕྱོགས་བསྡུས་ཚན་ཞིབ་གྲུབ་འབྲས་ཡར་ཞུ་བྱས། ཞིབ་འཇུག་བགྲོ་གླེང་གི་གོ་རིམ་ཁྲོད། ཚོགས་ཞུགས་མི་སྣ་དགུ་ཅུ་ལྷག་གིས་ཁུ་ནུ་རིག་གནས་དང་ཀྲུང་ཧྭའི་རིག་གནས། ཁུ་ནུ་རིག་གནས་ཀྱི་གསར་སྐྲུན་རང་བཞིན་གྱི་ཚུལ་སྒྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་གཉིས་ལ་དམིགས་ནས་ཚན་ཆུང་བགར་ཏེ་བགྲོ་གླེང་བྱས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།