ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་བསྐུར་ཏེ། ཀྲུང་གོ་ཞིང་ལས་སློབ་ཆེན་བཙུགས་ནས་ལོ120འཁོར་བའི་སྐབས་དང་བསྟུན་ནས། སློབ་གྲྭ་ཡོངས་ཀྱི་དགེ་སློབ་དང་ལས་བཟོ་པ། རྒྱ་ཆེའི་སློབ་གྲོགས་ཚོར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་འཐབ་ལམ་གསར་པའི་སྟེང་། ཁྱེད་ཚོས་སློབ་གཉེར་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་ཞིང་ལས་སྟོབས་ལྡན་བཏང་བར་བརྟེན་ནས་རྒྱལ་ཁབ་ལ་དྲིན་གཟོ་བའི་ཕུགས་བསམ་ཉར་ནས། སློབ་གསོ་སློབ་ཁྲིད་ཐད་བཅོས་སྒྱུར་ཟབ་སྤེལ་དང་། ཞིང་ལས་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་བརྗེ་སྤོར་ཉེར་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་ཤེས་པ་དང་ཞིང་ལས་ལ་དགའ་བའི་ཆེད་ལས་འཇོན་མི་སྔར་ལས་མང་པོ་སྐྱེད་སྲིང་གང་ལེགས་བྱས་ཏེ། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གསར་པ་འཇོག་དགོས་ཞེས་ནན་གྱིས་གསུངས།
ཀྲུང་གོ་ཞིང་ལས་སློབ་ཆེན་ནི་སྔོན་ཆད1905ལོར་བཙུགས་པའི་པེ་ཅིང་དགེ་འོས་སློབ་ཆེན་གྱི་ཞིང་ལས་ཚན་རིག་སློབ་ཆེན་ཡིན། 1995ལོར་པེ་ཅིང་ཞིང་ལས་སློབ་ཆེན་དང་པེ་ཅིང་ཞིང་ལས་བཟོ་སྐྲུན་སློབ་ཆེན་གཉིས་གཅིག་ཏུ་བསྒྲིལ་ནས་གྲུབ་པ་རེད། ཉེ་ལམ། ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་སློབ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། སློབ་གྲྭའི་ལོ་ངོ120རིང་གི་འཕེལ་རིམ་དང་སློབ་སྒྲུབ་གྲུབ་འབྲས་ཡར་ཞུ་བྱས་ཤིང་། འཛམ་གླིང་གི་སློབ་ཆེན་རྩེ་གྲ་མྱུར་དུ་བསྐྲུན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་པའི་ཆོད་སེམས་བསྟན།