ཟླ10པའི་ཚེས13ཉིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ནས་གནས་ཚུལ་འབྱོར་གསལ། ད་ལོ་ཚུན་དུ་མཚོ་སྔོན་གྱི་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་བརྟན་པོའི་ངང་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱས་པ་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཐོན་ཁུངས་དང་ཐོན་ལས་རྨང་གཞི་རྒྱུན་མཐུད་ངང་ཕྱིར་གཏོང་བྱས་པ་ལས་བྱུང་བ་མ་ཟད། སྔར་བས་རྒྱང་ལྟ་རང་བཞིན་གྱི་སྲིད་ཇུས་ཁྲིད་སྟོན་དང་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་སྐུལ་སྤེལ་ནུས་ལྡན་བྱས་པ་ལས་བྱུང་། ཁྲལ་བསྡུའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ1པ་ནས་ཟླ8པའི་བར་ཞིང་ཆེན་ཡོངས་ཀྱི་བཟོ་ལས་གཉེར་སྐྱོང་བྱེད་པོའི་འཛིན་ཤོག་ཕྱིར་འཚོང་གི་ཡོང་འབབ་ཆག་ཚད་དུས་ཚིགས་དང་པོ་དང་ལོ་སྟོད་ལས་སོ་སོར་བརྒྱ་ཆའི་གྲངས་1.7དང་2.8ཇེ་ཉུང་དུ་ཕྱིན་པ་དང་། ལྷག་པར་དུ་ཟླ8པའི་འཛིན་ཤོག་ཕྱིར་འཚོང་གི་ཡོང་འབབ་ཟླ3པ་ནས་བཟུང་འཕར་སྣོན་ཐེངས་དང་པོ་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཀྱི“ཁྲལ་གློག་གི་སྟོན་གྲངས”107.1%ཟིན་ནས་ཟླ7པ་ལས་བརྒྱ་ཆའི་གྲངས2འཕར།
ལས་རིགས་གཙོ་བོའི་འདེགས་སྐྱོར་ནུས་ལྡན་དང་ཕྱིར་ཚོང་འཕར་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས། རྒྱལ་ཁབ་ཀྱི“ནང་འཇུག་ལ་རྒོལ་བ”དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་དང་བསྟུན་ནས། ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཐོན་རྫས་བཟོ་གྲྭ་ནས་ཐོན་པའི་རིན་གོང་(PPI)དུས་མཚུངས་ལས་ཆག་ཚད་ཇེ་དལ་དུ་ཕྱིན་པ་དང་། བཟོ་ལས་ཐོན་རྫས་གཙོ་བོའི་ཉོ་ཚོང་བྱེད་ཚད་ཅུང་ཇེ་མཐོར་ཕྱིན། དེའི་ནང་ཅཱ་ལུད་ཀྱི་རིན་གོང་མུ་མཐུད་འཕར་ནས་རྫས་འགྱུར་རྒྱུ་ཆ་དང་རྫས་འགྱུར་ཐོན་རྫས་བཟོ་སྐྲུན་ལས་རིགས་བཅས་ཀྱི་འཛིན་ཤོག་བྲིན་ཚོང་ཡོང་འབབ་ཟླ་7པ་དང་ཟླ8པར་དུས་མཚུངས་ལས3.0%དང་18.6%སོ་སོར་འཕར་བར་སྐུལ་ཁྲིད་བྱས། གསེར་དང་ཞ་ཉེ་ཏི་ཚ་ཕྱེ་མའི་རིན་གོང་འཕར་བས་མདོག་ལྡན་ལྕགས་རིགས་གཏེར་ཁ་སྔོག་འདོན་འདེམས་སྒྲུག་ལས་རིགས་དང་། མདོག་ལྡན་ལྕགས་རིགས་བཙོ་སྦྱང་། གནོན་འགྱངས་ལས་སྣོན་ལས་རིགས་བཅས་ཟླ6པ་ནས་བཟུང་ཟླ་བ་གཅིག་གི་འཛིན་ཤོག་བཀྲམས་པའི་ཕྱིར་ཚོང་ཡོང་འབབ་ཚང་མ་འཕར་བའི་རྣམ་པ་རྒྱུན་འཁྱོངས་ལ་་སྐུལ་ཁྲིད་བྱས། ལས་རིགས་གཙོ་བོའི་ཕྱིར་ཚོང་འཕར་བའི་སྐུལ་ཁྲིད་འོག ཟླ8པར་ཞིང་ཆེན་ཡོངས་ཀྱི་བཟོ་ལས་གཉེར་སྐྱོང་བྱེད་པོའི་འཛིན་ཤོག་ཕྱིར་ཚོང་གི་ཡོང་འབབ་དུས་མཚུངས་ལས་6.6%འཕར་ནས་ཟླ་དེའི་ཞིང་ཆེན་ཡོངས་ཀྱི་འཛིན་ཤོག་ཕྱིར་ཚོང་གི་ཡོང་འབབ་འཕར་ཚད་ཀྱི46.5%ཟིན།
ཁྱབ་ཁོངས་གཙོ་བོར་རྒྱུན་མཐུད་ངང་སྟོབས་ཤུགས་ཆེ་རུ་བཏང་ནས་ཐོན་ལས་འབྲེལ་ཐག་གི་ཕན་འབྲས་རྒྱུན་ཆད་མེད་པར་མངོན། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་ཐོན་རྫས་རྙིང་པ་གསར་དུ་བརྗེ་བའི་སྲིད་ཇུས་རྒྱ་སྐྱེད་ལག་བསྟར་བྱས་ཏེ། སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་འཛད་སྤྱོད་ཐོན་རྫས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་། གནས་ཐང་འཕར་བའི་རིན་ཐང་གི་འཛིན་ཤོག་གི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ1ནས8བར་ཞིང་ཆེན་ཡོངས་ཀྱི་དཔྱད་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཛིན་ཤོག་ཕྱིར་ཚོང་གི་ཡོང་འབབ་དུས་མཚུངས་ལས11.1%འཕརད། ནུས་ཁུངས་གསར་པའི་རླངས་འཁོར་དང་། རྩེར་སོན་སྒྲིག་ཆས། སྐྱེ་དངོས་སྨན་རྫས་སོགས་ཁྱབ་ཁོངས་རྒྱུན་མཐུད་ངང་འཕེལ་རྒྱས་མགྱོགས་སུ་གཏོང་བའི་སྐུལ་ཁྲིད་འོག ཆེད་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་ལྕགས་རིགས་ཐོན་རྫས་ལས་རིགས་ཀྱི་འཛིན་ཤོག་ཕྱིར་ཚོང་གི་ཡོང་འབབ་དུས་མཚུངས་ལས11.6%དང་43.8%འཕར།
དེ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་རྫས་བཟོ་སྐྲུན་ལས་རིགས་ཀྱི་འཛིན་ཤོག་བཀྲམས་པའི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས30.5%འཕར་བ་དེ་བཟོ་ལས་སྤྱི་ཡོངས་ཀྱི་འཛིན་ཤོག་ཕྱིར་ཚོང་ཡོང་འབབ་འཕར་ཚད་ལས་བརྒྱ་ཆའི་གྲངས35.9མཐོ་བ་དང་། དེའི་ནང་ལྗང་མདོག་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་ཆབས་ཅིག ཞིང་ཆེན་ཡོངས་ཀྱི་ཞིང་ཞོར་ཟས་རིགས་ལས་སྣོན་བཟོ་ལས་དང་ཟས་རིགས་བཟོ་སྐྲུན་ལས་རིགས་ཀྱི་འཛིན་ཤོག་ཕྱིར་ཚོང་གི་ཡོང་འབབ་དུས་མཚུངས་ལས་95.1%དང་4.0%འཕར། རྒྱལ་ནང་གི་འཇིག་རྟེན་འཕུར་སྐྱོད་མཁའ་འགྲུལ་དང་། ནུས་རྒྱུ་གསར་པ་སོགས་རྩེར་སོན་གསར་དར་ཁྱབ་ཁོངས་ཀྱི་ཐཱན་བཀོལ་སྤྱོད་རྒྱ་སྐྱེད་དང་“ཕྱི་རོལ་དུ་བསྐྱོད་པའི”གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ཐཱན་ཚི་སྣ་ཐོན་རྫས་ཀྱི་གྲངས་འབོར་དང་རིན་གོང་གཅིག་ཏུ་འཕར་བར་སྐུལ་འདེད་བཏང་སྟེ། རྫས་འགྱུར་ཚི་སྣ་བཟོ་སྐྲུན་ལས་རིགས་ཀྱི་འཛིན་ཤོག་ཕྱིར་ཚོང་གི་ཡོང་འབབ་དུས་མཚུངས་ལས44.4%འཕར་བར་སྐུལ་ཁྲིད་བྱས།