ཟླ10པའི་ཚེས14ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིན་དུ་ཀྲུང་གོར་ཡོང་ནས་འཛམ་གླིང་བུད་མེད་རྩེ་ཚོགས་ལ་ཞུགས་པའི་ཁམ་ཕུ་ཁྲེའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁུན་སུའུ་ཏ་ལི་ལ་མཇལ་འཕྲད་གནང་།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས་བཅུ་བཞི་ཉིན་པེ་ཅིན་དུ་ཀྲུང་གོར་ཡོང་ནས་འཛམ་གླིང་བུད་མེད་རྩེ་ཚོགས་ལ་ཞུགས་པའི་ཁམ་ཕུ་ཁྲེའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁུན་སུའུ་ཏ་ལི་ལ་མཇལ་འཕྲད་གནང་།
ཀྲའོ་ལི་ཅི་ཡིས་བསྟན་དོན། ད་ལོའི་ཟླ་4པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདེ་བླག་ངང་ཁམ་ཕུ་ཁྲེར་རྒྱལ་དོན་འཚམས་འདྲི་གནང་ནས། ཀྲུང་གོ་དང་ཁམ་ཕུ་ཁྲེའི་འབྲེལ་བའི་ངེས་གནས་དེ་དུས་རབས་གསར་པའི་དུས་རྣམ་ཀུན་གྱི་ལས་སྐལ་གཅིག་མཐུན་ཚོགས་པར་རིམ་སྤོར་བྱས། ཀྲུང་གོའི་ཕྱོགས་ཀྱིས་ཁམ་ཕུ་ཁྲེའི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ལེགས་པོ་བྱས་ནས། ཆབ་སྲིད་ཀྱི་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ་དང་། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཁྲིམས་འཛིན་མཉམ་ལས་དང་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཁམ་ཕུ་ཁྲེའི་རྒྱལ་ཚོགས་དང་མཉམ་དུ་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་ཉམས་མྱོང་བརྗེ་རེས་ཟབ་སྤེལ་བྱས་ནས། དངོས་སྒྲུབ་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད། བུད་མེད་ཀྱི་དབུལ་པོ་ཉུང་གཏོང་དང་ནད་ཡམས་འགོག་བཅོས་སོགས་ཐད་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། འཛམ་གླིང་བུད་མེད་བྱ་གཞག་ལ་བྱས་རྗེས་འཇོག་འདོད་ཡོད།
ཁུན་སུའུ་ཏ་ལི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་བུད་མེད་རྩེ་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་འཛམ་གླིང་བུད་མེད་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་གནང་བར་ཁམ་ཕུ་ཁྲེའི་ཕྱོགས་ཀྱིས་བསྔགས་བརྗོད་ཆེན་པོ་བྱེད་ཀྱིན་ཡོད། ཁམ་ཕུ་ཁྲེའི་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད།