ལི་ཆང་གིས་དཔལ་འབྱོར་གནས་སྟངས་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུར་འགོ་འཛིན་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ10པའི་ཚེས14ཉིན་གྱི་ཕྱི་དྲོར། དཔལ་འབྱོར་གནས་སྟངས་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུར་འགོ་འཛིན་གནང་ནས། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་དང་གོ་རིམ་རྗེས་མའི་དཔལ་འབྱོར་བྱ་བའི་ཐད་ཀྱི་བསམ་འཆར་དང་གྲོས་གཞིར་ཉན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ10པའི་ཚེས14ཉིན་གྱི་ཕྱི་དྲོར། དཔལ་འབྱོར་གནས་སྟངས་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུར་འགོ་འཛིན་གནང་ནས། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་དང་གོ་རིམ་རྗེས་མའི་དཔལ་འབྱོར་བྱ་བའི་ཐད་ཀྱི་བསམ་འཆར་དང་གྲོས་གཞིར་ཉན།

བཞུགས་མོལ་ཚོགས་འདུའི་སྟེང་ཞུས་ཆི་ཡོན་དང་ཁྲེན་པིན་ཁ། དབྱང་ཧོ། ཀྲང་ཡུས། ལི་ཧུང་ཧྥེང་། ཅང་ཞིན། ཀྲོའུ་ཡུས་ཞང་།། ཡེ་གོ་ཧྥུའུ་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད། ཚང་མས་བལྟས་ན། ད་ལོ་ནས་བཟུང་། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ཀྱིས་གནོན་ཤུགས་ཐེག་ཐུབ་པ་དང་བརྟན་ཐོག་ཡར་འཕེལ་བྱུང་ནས་མཉེན་ཆ་དང་གསོན་ཤུགས་ཆེན་པོ་མངོན་ཡོད། ཚང་མས་ད་དུང་སྔར་ལས་ལེགས་པའི་སྒོ་ནས་སྤྱི་ཁོག་སྲིད་ཇུས་ལག་བསྟར་དང་མིག་སྔའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད་བསམ་འཆར་དང་གྲོས་འགོ་བཏོན།

ལི་ཆང་གིས་དཔལ་འབྱོར་ཆེད་མཁས་པ་དང་ཁེ་ལས་པ་དག་གིས་གཏམ་བཤད་ལ་ནན་ཏན་སྒོས་གསན་རྗེས་གསུང་རྒྱུར། ད་ལོའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ།  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྔར་ལས་དགེ་མཚན་ལྡན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་སྤྱི་ཁོག་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཡོད་ལ། དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། མིག་སྔའི་དཔལ་འབྱོར་གནས་བབ་ལ་སྔར་ལས་ཡངས་པའི་མིག་རྒྱང་གིས་ལྟ་སྟངས་ཡང་དག་འཛིན་རྒྱུ་དང་། ལྷག་པར་དུ་ལོ་ལྔའི་འཆར་འགོད་ལག་བསྟར་བྱས་པ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཡུན་རིང་འཕེལ་ཕྱོགས་ལ་བལྟས་ན། མི་རྒྱུན་དང་ཟོག་འགྲེམས། ཆ་འཕྲིན། མ་དངུལ་བཅས་ཀྱི་འདེགས་སྐྱོར་ཐོག་ནས་གཉེར་སྐྱོང་རང་བདག་གི་གསོན་ཤུགས་ལ་ལྟ་བ་དང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་བྱུང་ཚུལ་ལས་རང་རྒྱལ་དཔལ་འབྱོར་གྱི་མཉེན་ཆ་ལ་ལྟ་བ་བརྒྱུད། ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་གནད་དོན་ལ་གདོང་གཏོད་བཞིན་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་ཡག་པོར་བསྒྲུབས་ནས། འབད་བརྩོན་ཆེན་པོས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཡོངས་འགྲུབ་བྱེད་དགོས།

ལི་ཆང་གིས་ནུས་ཤུགས་ཡོད་རྒུས་དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་ལག་བསྟར་བྱེད་དགོས། སྲིད་ཇུས་ཀྱི་ཐོན་ཁུངས་འདང་ངེས་དང་བེད་སྤྱོད་ཡག་པོ་བྱས་ཏེ་བཅོས་སྒྱུར་གྱི་བྱེད་ཐབས་ལ་བརྟེན་ནས་འགག་གནད་སེལ་དགོས། ནང་མཁོ་རྒྱ་སྐྱེད་གཏོང་བར་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་བྱེད་ཤུགས་ཇེ་ཆེར་བཏང་ནས། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཕར་གཞི་གསར་པ་ཟམ་མི་ཆད་པར་གྲུབ་པར་བྱ་དགོས། ཐབས་མང་མཉམ་སྤྱོད་ཀྱིས་ཐོན་ལས་རྩེ་གྲའི་སྐྱེ་ཁམས་ཤིག་བསྐྲུན་དགོས་ལ། ཕྱོགས་བསྡུས་སྒོས་ལས་རིགས་ཀྱི་གོ་རིམ་མེད་པ་དང་ལུགས་དང་མི་མཐུན་པའི་འགྲན་རྩོད་བཅོས་སྐྱོང་བྱས་ཏེ། སྐྱེ་ཁམས་མུ་ཁྱུད་གསར་བ་ཞིག་སྐྲུན་པར་ཤུགས་སྣོན་རྒྱག་དགོས་ཞེས་ནན་གྱིས་གསུངས།

ལི་ཆང་གིས་རྒྱ་ཆེའི་ཁེ་ལས་པ་དང་ཆེད་མཁས་པ་དག་གིས་མུ་མཐུད་དུ་གསར་འབྱེད་གསར་གཏོད་བྱས་ནས། རང་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བྱས་རྗེས་མང་པོ་འཇོག་དགོས་པ་དང་། ཆེད་མཁས་པ་དང་རིག་གཞུང་པ་དག་གིས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས། དཔལ་འབྱོར་ལས་དོན་ཡག་པོར་སྒྲུབ་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཐབས་འདོན་ཇུས་འབུལ་གང་ལེགས་བྱ་དགོས་པའི་ཐུགས་རེ་བཏོན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།