ད་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས“ངའི་སྒོ་འགྲམ་གྱི་ཟམ་པ”ཞེས་པའི་ཆེད་དོན་དམངས་ཚིས་ལས་གཞི500ཁྱོན་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་ལ། ཟླ10པའི་ཚེས12ཉིན་བར་ལ་དམངས་ཕན་ཟམ་པ500འཛུགས་སྐྲུན་གྱི་ལས་འགན་ཚང་མ་ལེགས་པར་གྲུབ། དམངས་ཚིས་རྣམ་གྲངས་ལག་བསྟར་བྱ་ཆེད། མཚོ་སྔོན་ཞིང་ཆེན་གཞུང་ལམ་ཅུའུ་ཡིས《ངའི་སྒོ་འགྲམ་གྱི་ཟམ་པ》ཞེས་པའི་དམངས་ཕན་ཟམ་པའི་ལས་གཞི་ལག་བསྟར་ཇུས་གཞི》སྒྲིག་བཟོ་དང《དམངས་ཕན་ཟམ་པའི་སྤྱི་སྤྱོད་རི་མོ》ཇུས་འགོད་ལ་ཞིབ་བཤེར་བྱས་ཏེ། གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་དང་། ས་ཁོངས་དོ་སྙོམས་འཕེལ་རྒྱས། རོང་འབྲོག་ཁུལ་ལ་ཕྱོགས་པའི”སྤྱིའི་ཁྲིད་སྟོན་གཞིར་བཟུང་། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་རོང་འབྲོག་པ་སྡོད་གནས་ཁ་ཐོར་དུ་གནས་པའི་དབང་གིས་འགྲོ་སྐྱོད་སྟབས་བདེ་མེད་པ་དང་། དུས་ཚིགས་རང་བཞིན་གྱི་ཆུ་བོ་ཡིས་འགྲོ་སྐྱོད་བཀག་པ། དེ་བཞིན་ཕྱུགས་ལས་ཐོན་ལས་སྐྱེལ་འདྲེན་ལ་ཚོད་འཛིན་བྱེད་པའི“མིད་འགག”གི་གནད་དོན་སྔོན་ལ་ཐག་གཅོད་བྱས།
ཟམ་གནས་ཡག་པོ་འདེམས་ཤིང་ཟམ་པ་བརྟན་པོ་བསྐྲུན་པར་འགན་སྲུང་བྱ་ཆེད། གཞུང་ལམ་ཁག་གི་སྤྱིའི་ལམ་དུམ་ཁག་གིས་ས་གནས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་དང་ཞང་(གྲོང་རྡལ་)སྲིད་གཞུང་གི་ལས་དོན་མི་སྣ་དང་མཉམ་དུ་ལས་ཡུལ་དང་པོར་བསྐྱོད་དེ་ས་གནས་ཀྱི་ས་དབྱིབས་དང་ས་གཤིས་ཆ་རྐྱེན་དང་འབྲེལ་ཐོག ཟམ་པ་བརྒལ་ཐག་དང་གྲུབ་ཚུལ་སོགས་འགག་རྩའི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ཏེ། རྣམ་གྲངས་ལག་བསྟར་བྱེད་པའི་ཆ་རྐྱེན་དང་མཐུན་པའི་ཟམ་གནས་གདམ་གསེས་བྱས་པས། ཟམ་པ་ཚང་མ་མང་ཚོགས་ལ་མཁོ་ཆེ་པའི་སར་བསྐྲུན་ཐུབ་པར་འགན་སྲུང་བྱས།
ཞིང་ཆེན་གཞུང་ལམ་ཅུའུ་ཡིས“ཚོད་ལྟའི་སྔོན་འགྲུལ+ས་ཁོངས་ཡོངས་ཁྱབ་གདལ་གཏོང་བའི”རྣམ་པ་གསར་པ་སྤྱད་དེ་ཐོག་མར་ཚོད་ལྟའི་ས་ཁོངས་སུ་ཉམས་མྱོང་གསོག་འཇོག་དང་ཕྱོགས་བསྡོམས་ཞིབ་ཚགས་བྱས་པ་དང་ཆབས་ཅིག《མཚོ་སྔོན་ཞིང་ཆེན་གྱི“ངའི་སྒོ་འགྲམ་གྱི་ཟམ་པ”ཞེས་པའི་དམངས་བདེའི་ཟམ་པ་ངར་ལྕགས་གྲུབ་ཆའི་སྒྲིག་སྦྱོར་རྣམ་པའི་སྤྱི་སྤྱོད་རི་མོ(ཚོད་ལྟའི་ལག་བསྟར)》《“ངའི་སྒོ་འགྲམ་གྱི་ཟམ་པ”ཞེས་པའི་དམངས་ཕན་ལས་གཞི་མགྱོགས་མྱུར་སྐུལ་འདེད་གཏོང་བའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་ཞིང་ཆེན་ཡོངས་ལ་གཅིག་གྱུར་དང་ཚད་ལྡན་གྱི་མཛུབ་ཁྲིད་གཞི་འཛིན་ས་མཁོ་འདོན་བྱས་ཡོད། གཞུང་ལམ་གྱི་སྤྱིའི་ལམ་དུམ་ཁག་ཏུ་ས་ཁུལ་མི་འདྲ་བའི་ས་ཁམས་ཁྱད་ཆོས་དང་དོན་དངོས་ཀྱི་དགོས་མཁོར་འབྲེལ་ཏེ། “རྣམ་པ་སྣ་མང་དང་། རྒྱུ་ཆ་སྣ་མང་། ཉམས་འགྱུར་སྣ་མང་བཅས་ཀྱི་མི་དམངས་ལ་སྟབས་བདེ་བཟོ་བའི་ཟམ་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། སྐྱེ་ཁམས་སྲུང་སྐྱོང་གི་བླང་བྱ་ལག་བསྟར་ནན་པོ་བྱས་ཏེ། ཆུ་ལམ་དང་དེ་བཞིན་མཐའ་འཁོར་ཁོར་ཡུག་གི་ཟིང་འགུལ་ཚད་གཞི་ཆེ་ཤོས་ཇེ་ཉུང་དུ་བཏང་ནས་ནུས་ཤུགས་ཡོད་རྒུས་ལས་གཞིའི་སྤུས་ཚད་འགན་སྲུང་བྱས།
དམངས་ཕན་ཟམ་པ500ལག་བསྟར་ནི་མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི2025ལོའི་དམངས་ཚིས་དོན་དངོས་ཀྱི་རྣམ་གྲངས་གསར་གཏོད་བྱས་པའི་ལག་ལེན་ཞིག་ཡིན་པ་དང་། བྱ་སྤྱོད་དེས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8དང་། རྫོང་དང་ཆུས29སྲིད་འཛིན་གྲོང་ཚོ་བརྒྱ་ལྷག་གི་རོང་འབྲོག་མང་ཚོགས་ཁྲི30ལྷག་ལ་ཕན་པ་ཐོབ་པ་དང་། རོང་འབྲོག་ཁུལ་གྱི་འབྲོག་པ་མང་ཚོགས་ཀྱི“ཆུ་བོ་བརྒལ་པ་དང་ལམ་བསྐོར་ནས་འགྲོ་སྐྱོད་བྱེད་པའི”དཀའ་གནད་ཐག་གཅོད་ནུས་ལྡན་བྱས་ཏེ། མཚོ་སྔོན་མཐོ་སྒང་གི་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་གྱི“མཐའ་མའི་སྤྱི་ལེ་གཅིག”བསྐྲུན་ནས་གྲོང་གསེབ་དར་རྒྱས་གོང་འཕེལ་གཏོང་བར་སྒུལ་ཤུགས་གསར་པ་བསྣན།