རང་རེའི་དྲ་བའི་འཕྲིན། ཟླ10པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་མ་བྱན་དག་བཟའ་བཏུང་གཡོས་སྦྱོར་གྱི་ལས་ལ་བྲེལ་འདུག །ཉེ་བའི་ལོ་འདི་གར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་འཚོ་བཅུད་ལེགས་བཅོས་འཆར་འགོད་ཀྱི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ལོ་རེར་སྒོར་ཁྲི3000བཏང་སྟེ་ཁུལ་ཡོངས་ཀྱི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་གྲྭ་ཆུང་འབྲིང59ཡི་འཚོ་བཅུད་བཟའ་བཏུང་ཁྱོངས་ཡོངས་ནས་མངོན་འགྱུར་བྱས། 2013ལོ་ནས་ད་ལྟའི་བར། ཆ་སྙོམས་མཚོ་འཕགས་སྨི4200ཡོད་པའི་ས་གནས་ཅི་རིགས་ཀྱི་སློབ་མ་ཁྱོན་བསྡོམས360378ལྷག་གིས་རིན་མེད་སྒོས་འཚོ་བཅུད་བཟབ་བཏུང་ལོངས་སུ་སྤྱད་ཅིང་། ཤ་གསར་པ་དང་སྒོ་ང་། སྔོ་ཚལ་དང་སིལ་ཏོགས་སོགས་ཀྱི་འཚོ་བཅུད་ཟས་རིགས་ཀྱང་འཚར་ལོངས་ཀྱི་དགོས་མཁོར་དམིགས་ནས་འདོན་སྤྲོད་བྱེད་བཞིན་ཡོད་དོ། །
ཟས་རིགས་ཐོ་འགོད་བྱེད་བཞིན་པའི་ཚུལ།
ལོ་རིམ་དང་པོ་དང་གཉིས་པའི་སློབ་མས་དུས་ལྟར་བཟའ་བཏུང་ཐུབ་པར་སྟབས་བདེ་བསྐྲུན་ཆེད་སྔ་མོ་ནས་ཟས་ཅོག་སྟེང་བཞག་ནས་གྲ་སྒྲིག་བྱེད་བཞིན་པའི་ཚུལ།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་ལོ་རིམ་དང་པོའི་སློབ་མས་བཟའ་བཏང་སྤྱོད་བཞིན་པ།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་ལོ་རིམ་དང་པོའི་སློབ་མས་བཟའ་བཏང་སྤྱོད་བཞིན་པ།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་ཆུང་སློབ་མས་བཟའ་བཏང་སྤྱོད་བཞིན་པ།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་ཆུང་སློབ་མས་བཟའ་བཏང་སྤྱོད་བཞིན་པ།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་འབྲིང་སློབ་མས་གྲལ་སྒྲིག་ནས་ཟ་མ་ལེན་བཞིན་པ།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་འབྲིང་སློབ་མས་འཚོ་བཅུད་བཟའ་བཏུང་སྤྱོད་བཞིན་པ།