མཚོ་སྔོན་གྱི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ལག་འཁྱེར་དང་ཆོག་འཐུས་དཔང་ཡིག་མཉམ་དུ་སྒྲུབ་པའི་ཞབས་ཞུ་ལག་བསྟར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས13ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཁྲོམ་ར་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་སྲིད་དོན་ཞབས་ཞུའི་ལས་སྒྲུབ་ལས་ཆོད་སྔར་ལས་མཐོར་འདེགས་གཏོང་བ་དང་། ཚོང་གཉེར་བདག་པོའི་ལམ་ལུགས་རང་བཞིན་གྱི་ཚོང་དོན་མ་རྩ་ཇེ་དམའ་རུ་བཏང་སྟེ། ཚོང་གཉེར་བདག་པོས་མགྱོགས་མྱུར་ངང་ཚོང་གཉེར་བྱེད་ཆོག་པའི་ཚོང་གཉེར་ཁོར་ཡུག་བསྐྲུན་ཆེད། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་སྲིད་འཛིན་ཆོག་འཐུས་དོན་དག་གི་ལག་འཁྱེར་དང་ཆོག་འཐུས་དཔང་ཡིག་མཉམ་དུ་སྒྲུབ་པའི་སྟབས་བདེའི་ཞབས་ཞུ་ལག་བསྟར་བྱས་པ་དང་། བརྒྱུད་རིམ་བསྐྱར་སྐྲུན་དང་ཐོན་ཁུངས་དག་སྒྲིག་བྱས་པ་བརྒྱུད་དེ། སྤུས་ལེགས་ནུས་མཐོ་ཡི་ཚོང་གཉེར་བདག་པོའི་དུས་རིམ་ཧྲིལ་བོའི་ཞབས་ཞུའི་མ་ལག་བསྐྲུན།

ཚོང་གཉེར་བདག་པོ་དང་མང་ཚོགས་ཀྱིས་ལག་འཁྱེར་དང་ཆོག་འཐུས་དཔང་ཡིག་ལེན་སྐབས་ཀྱི་དཀའ་ཚེགས་ཆེ་བ་དང་དུས་ཡུན་རིང་བ། རྒྱུ་ཆ་བསྐྱར་ཟློས་ཀྱིས་སྤྲོད་པ་སོགས་ཀྱི་དཀའ་གནད་ལ་དམིགས་ནས། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ལས་གཉེར་ལག་འཁྱེར་ཐོ་འགོད་དང་བཟོ་ལས་ཐོན་རྫས་ཐོན་སྐྱེད་ཆོག་འཐུས། ཟས་རིགས་ཐོན་སྐྱེད་ཆོག་འཐུས། ཟས་རིགས་ཐོན་སྐྱེད་ལས་སྣོན་བཟོ་གྲྭ་ཆུང་བའི་ཆོག་འཐུས། དམིགས་བསལ་སྒྲིག་ཆས་ཐོན་སྐྱེད་ལས་ཁུངས་ཀྱི་ཆོག་འཐུས། ཚད་ལེན་ཞིབ་འཇལ་ལས་ཁུངས་ཀྱི་ཐོབ་ཐང་ཁས་ལེན་བཅས་སྒྲུབ་པ་སོགས་སྲིད་འཛིན་ཆོག་འཐུས་དོན་དག་དག་སྒྲིག་བྱས་ཏེ། ཁེ་ལས་དང་མང་ཚོགས་ཀྱི་མཐོང་སྣེའི་བྱ་བ་རིགས་གཅིག་ནུས་མཐོ་སྒོས་སྒྲུབ་པའི་ཞབས་ཞུའི་རྐྱེན་སྲོལ་ལག་བསྟར་བྱེད་པ་དང་། ཚོང་གཉེར་བདག་པོ་ཞུགས་འཐུས་དང་གཉེར་འཐུས། འཕོ་འགྱུར། ཕྱིར་འཐེན་བཅས་བརྒྱུད་རིམ་ཧྲིལ་བོའི་ལས་སྒྲུབ་ཞབས་ཞུའི་དགོས་མཁོ་སྐོང་རྒྱུ་རེད།

རིམ་པ་སོ་སོའི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གི་ད་ཡོད་ཐོ་འགོད་སྒེའུ་ཁུང་ལ་རྒྱབ་བརྟེན་ནས། ལག་འཁྱེར་དང་ཆོག་འཐུས་དཔང་ཡིག་མཉམ་དུ་སྒྲུབ་པའི་ཕྱོགས་བསྡུས་ཞབས་ཞུའི་སྒེའུ་ཁུང་བཀོད་སྒྲིག་བྱས་པ་དང་། ཡིག་ཆ་ཁུ་བསྡུ་དང་བརྒྱུད་སྤྲོད། རྗེས་འདེད་དང་ཡིག་སྐྱེལ་བཅས་ཀྱི་བྱ་བར་འགན་འཁུར་ནས། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་ལ་ཤུགས་བསྣན་པ་དང་། ཐོག་འགོད་ལག་དེབ་མ་ལག་དང་འབྲེལ་ཡོད་ཆོག་འཐུས་ལ་ཆོག་མཆན་འགོད་པའི་མ་ལག་མཉམ་འབྲེལ་མཉམ་མཐུད་དང་གཞི་གྲངས་མཉམ་སྤྱོད་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། དྲ་ཐོག་ཏུ་རེ་ཞུ་བྱེད་པ་དང་ཡུལ་དངོས་སུ་དང་ལེན་བྱེད་པ། དྲ་ཐོག་གི་མཆན་འགོད་དང་རེ་ཞུའི་ཆ་འཕྲིན་དག་ཐེངས་གཅིག་ལ་སྐོང་བ་དང་ཕྱོགས་མང་པོས་སྤྱོད་པ་མངོན་འགྱུར་བྱས་ནས། མཉམ་འབྲེལ་སྒོས་སྒྲུབ་པའི་བྱ་བ་དག་གི་བརྒྱུད་རིམ་ཧྲིལ་བོ་དྲ་ཐོག་ཏུ་སྒྲུབ་པ་དང་ནུས་མཐོ་སྒོས་མཐུན་སྦྱོར་བྱེད་པར་ཁག་ཐེག་བྱས། དེ་དང་མཉམ་དུ། ཚོང་གཉེར་བདག་པོའི་གདམ་གའི་དབང་ཆར་འགན་སྲུང་ལེགས་པོ་བྱས་ཏེ། རེ་ཞུ་མཁན་གྱིས་རང་ངོས་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར་རང་བདག་སྒོས་ལས་སྒྲུབ་བྱེད་ཐབས་འདེམ་ཆོག་པར་བྱས།

ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ལག་འཁྱེར་དང་ཆོག་འཐུས་དཔང་ཡིག་མཉམ་དུ་སྒྲུབ་པའི་སྟབས་བདེའི་ཞབས་ཞུ་ལག་བསྟར་གནས་ཚུལ་རྒྱུན་མཐུད་སྒོས་རྗེས་འདེད་པ་དང་། སྲིད་ཇུས་ལག་བསྟར་བརྒྱུད་རིམ་ཁྲོད་འཕྲད་པའི་གནད་དོན་དུས་ལྟར་ཐག་གཅོད་བྱས་ཏེ། ལག་འཁྱེར་དང་ཆོག་འཐུས་དཔང་ཡིག་མཉམ་དུ་སྒྲུབ་པའི་གསལ་ཐོའི་བྱ་བ་འོས་འཚམ་གྱིས་རྒྱ་བསྐྱེད་པ་དང་། སྔར་ལས་སྟབས་བདེ་ནུས་མཐོ་ཡི་སྲིད་དོན་ཞབས་ཞུར་བརྟེན་ནས། ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྱར་དུ་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཚོང་གཉེར་བདག་པོས་མགྱོགས་མྱུར་ངང་ཚོང་གཉེར་བྱེད་ཆོག་པ་དང་དེ་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་རོགས་ཤུགས་འདོན་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།