ཟླ10བའི་ཚེས13ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་དྲིལ་བསྒྲགས་པུའུ་དང་། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་བསྐྲུན་ཅུའུ་བཅས་ཀྱིས་མཉམ་དུ་སྒྲུབ་པའི《ཆེས་མཛེས་པའི་མཐོ་སྒང་གི་འབད་འཐབ་པ་ལས་ཆེས་མཛེས་པའི་འགྲིམ་འགྲུལ་མི་སྣ》ཞེས་པའི་ཁྱབ་བསྒྲགས་མཛད་སྒོ་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་སྤེལ།
བྱ་འགུལ་འདི་ནི་གཏིང་ཟབ་ངང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པ་དང་། མཚོ་སྔོན་འགྲིམ་འགྲུལ་གྱི་ཆེས“མཛེས་པའི”སྔོན་ཐོན་མིག་དཔེ་ཅན་འཚོལ་ཞིབ་དང་སྔོག་འདོན་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལས་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་ལམ་སྣ་འདྲེན་པའི་བསམ་བློའི་སྙིང་སྟོབས་གཅིག་བསྡུས་བྱེད་ཆེད་ཡིན། བྱ་འགུལ་གྱི་ཡུལ་དངོས་སུ། བརྙན་ཐུང་གཏོང་བ་དང་། བཅར་འདྲི་བྱེད་པ། ཡུལ་རྣམ་ཅན་གྱི་འཁྲབ་སྟོན། ཞབས་བྲོའི་འཁྲབ་སྟོན། མགོ་འཛིན་པའི་ཞིབ་བརྗོད་སོགས་ཀྱི་རྣམ་པ་ལ་བརྟེན་ནས། ཟུར་མི་འདྲ་བ་ནས《ཆེས་མཛེས་པའི་འགྲིམ་འགྲུལ་མི་སྣའི》ལས་གནས་བརྟན་སྲུང་དང་ཁག་ཁུར་བློས་གཏོང། གཞན་ཕན་ལྷག་བསམ་བཅས་ཀྱི་སྔོན་ཐོན་བྱས་རྗེས་གསོན་ཉམས་ལྡན་པའི་ངང་མངོན་པར་བྱས།
དུས་ཡུན་རིང་བོར་། ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོའི་ལས་བྱེད་མི་སྣས་སྡུག་བསྲོན་འབད་ཐབས་དང་ཁག་ཁུར་བློས་གཏོང་། ཧུར་ཐག་གིས་མཚོ་སྔོན་གསར་བ་འཛུགས་སྐྲུན་ཁྲོད་ཞུགས་པའི་ལག་ལེན་དངོས་ཡིན་ལ། ལས་གནས་དང་ལས་རིགས་ལ་དགའ་བ་དང་། རང་ཉིད་བློས་གཏོང་ཕོད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་སྐོར་ཞིག་མངོན་ཡོང་སྟེ། སྤྱིར་བཏང་གི་ལས་གནས་སུ་སྤྱི་བཏང་མ་ཡིན་པའི་མཚར་སྡུག་ངོམས་ནས། སྤྱི་ཚོགས་ཡོངས་ལ་སྣེ་ཁྲོད་དང་མིག་དཔེ་བསྟན་ཡོད།