《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་པ་གལ་ཆེན་གྱི་སློབ་སྦྱོང་ཀློག་དེབ》པར་སྐྲུན་འགྲེམས་སྤེལ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རྒྱལ་ཁབ་འཕྲིན་བཅར་ཅུའུ་ཡིས་རྩ་འཛུགས་དང་རྩོམ་སྒྲིག་བྱས་པའི《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་པ་གལ་ཆེན་གྱི་སློབ་སྦྱོང་ཀློག་དེབ》ཉེ་ལམ་མི་དམངས་པར་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་ནས་རྒྱལ་ཡོངས་སུ་བཀྲམས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་འགྲེང་སྟེ་འཕྲིན་བཅར་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། འཕྲིན་བཅར་བྱ་བས་དམངས་འདོད་ཚུར་སྣང་དང་འགལ་རྩོད་སེལ་བ། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པའི་ཁྲོད་བྱས་རྗེས་ལེགས་པོ་བཞག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་དོན་གལ་ཆེན་གྱིས། མཐོང་རྒྱ་གསར་པར་བརྟེན་ནས་འཕྲིན་བཅར་བྱ་བའི་ཆོས་ཉིད་རང་ཉིད་ལ་ངོས་འཛིན་ཟབ་མོ་བྱས་ཏེ། དུས་རབས་གསར་པའི་འཕྲིན་བཅར་བྱ་བ་ཡག་པོར་སྒྲུབ་པར་ཚན་རིག་གི་ཕྱོགས་སྟོན་མཛད། 《ཀློག་དེབ》དེ་བསྡོམས་པས་དོན་ཚན་དགུ་རུ་དབྱེ་ཡོད། ཏང་གི་འཕྲིན་བཅར་བྱ་བའི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནས། མི་དམངས་བླ་ན་མེད་པའི་རྩ་བའི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པ། དམངས་ཀྱི་དཀའ་གནད་སེལ་ཏེ་ཏང་གི་ཐུགས་ཁུར་སེལ་བའི་ཆབ་སྲིད་འགན་འཁྲི་རྒྱུན་འཁྱོངས་བྱེད་པ་སོགས་དང་འབྲེལ་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་པ་གལ་ཆེན་གྱི་སྲོག་ཤིང་རྩ་གནད་དང་། དགོངས་པའི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་བླང་བྱ་སོགས་གསལ་བོར་འཁོད་ཡོད།

《ཀློག་དེབ》དེ་པར་སྐྲུན་འགྲེམས་སྤེལ་བྱས་ན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་པ་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པར་ཕན་ཐོགས་ཡོད་ལ། དུས་རབས་གསར་པའི་ཧྥིན་ཆོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་ཐུབ་ཅིང་། འཕྲིན་བཅར་བྱ་བ་ཁྲིམས་སྐྱོང་ཅན་དུ་སྐུལ་འདེད་གཏོང་བ་དང་། འཕྲིན་བཅར་བྱ་བའི་བཟང་ངན་མངོན་མཚོན་གྱི་བྱེད་ནུས་སྔར་ལས་ལྷག་པར་འདོན་སྤེལ་བྱས་ཏེ། སྒོ་མདུན་དུ་བསྐྱལ་ཡོང་བའི་མང་ཚོགས་ཀྱི་ལས་དོན་ཡག་པོར་སྒྲུབ་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་དངོས་སུ་སྲུང་སྐྱོང་བྱེད་དགོས། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།