《ཞི་ཅིན་ཕིང་གི་བུད་མེད་དང་བྱིས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་སྐོར་གྱི་རྣམ་བཤད་གནད་བསྡུས》དང《ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་པའི་སྐོར་གྱི་རྣམ་བཤད་གནད་བསྡུས》ཀྱི་སྐད་རིགས་མང་པོའི་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚང་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི《ཞི་ཅིན་ཕིང་གི་བུད་མེད་དང་བྱིས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་སྐོར་གྱི་རྣམ་བཤད་གནད་བསྡུས》དང《ཞི་ཅིན་ཕིང་གི་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་པའི་སྐོར་གྱི་རྣམ་བཤད་གནད་བསྡུས》ཀྱི་ཨུ་རུ་སུའི་ཡི་གེ་དང་ཧྥ་རན་སིའི་ཡི་གེ སི་ཕེན་གྱི་ཡི་གེ ཨ་རབ་ཀྱི་ཡི་གེའི་པར་གཞི་དེ་ཉེ་ལམ་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱས།

《ཞི་ཅིན་ཕིང་གི་བུད་མེད་དང་བྱིས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་སྐོར་གྱི་རྣམ་བཤད་གནད་བསྡུས》དང《ཞི་ཅིན་ཕིང་གི་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་པའི་སྐོར་གྱི་རྣམ་བཤད་གནད་བསྡུས》དེ་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚང་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བུད་མེད་དང་བྱིས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་དམིགས་པ་དང་། ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་པའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བསྡུ་ལེན་བྱས་ཡོད། རྣམ་བཤད་གལ་ཆེན་འདི་དག་ནི“ཟུང་འབྲེལ་གཉིས”རྒྱུན་འཁྱོངས་དང་། བུད་མེད་དང་བྱིས་པ། ཁྱིམ་ཚང་ཁྱབ་ཁོངས་ཀྱི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་གལ་ཆེན་ཡིན་པས། དུས་རབས་གསར་པའི་བུད་མེད་དང་བྱིས་པའི་བྱ་གཞག་དང་ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བྱ་བ་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བར་བསམ་བློའི་ནུས་ཤུགས་དང་། ཚན་རིག་དང་མཐུན་པའི་འགུལ་སྐྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད།

འཛམ་གླིང་ཧྲིལ་བོའི་བུད་མེད་རྩེ་ཚོགས་མ་བསྡུས་སྔོན། བརྩམས་ཆོས་གཉིས་ཀྱི་ཨུ་རུ་སུའི་ཡི་གེ་དང་ཧྥ་རན་སིའི་ཡི་གེ སི་ཕེན་གྱི་ཡི་གེ ཨ་རབ་ཀྱི་ཡི་གེ། དེ་སྔའི་དབྱིན་ཡིག་པར་གཞི་བཅས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་ཕྱི་རྒྱལ་གྱི་ཀློག་པ་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། འཛམ་གླིང་ཧྲིལ་པོའི་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་བསམ་ཚུལ། ཀྲུང་གོའི་ཇུས་གཞི་བཅས་ལ་རྒྱུས་ལོན་གཏིང་ཟབ་བྱེད་པར་ཕན་བཏགས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་ཧྲིལ་པོའི་བུད་མེད་བྱ་གཞག་མཉམ་ལས་ལ་ཤུགས་སྣོན་དང་། འཛམ་གླིང་ཧྲིལ་པོའི་བུད་མེད་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་ཐུན་མོང་གི་ངོས་འཛིན་ལ་སྔར་ལས་ཤུགས་སྣོན་པར་དོན་སྙིང་གལ་ཆེན་ལྡན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།