《ཞི་ཅིན་ཕིང་གི་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོཊ་ཀྱི་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད》ཅེས་པ་དང་《ཞི་ཅིན་ཕིང་གི་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུཊ་སྐྲུན་ལ་དོ་སྣང་བྱེད་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད》ཅེས་པ་གཉིས་དཔར་འགྲེམས་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩ་འཛུགས་དང་རྩོམ་འབྲི་བྱས་པའིཞི་ཅིན་ཕིང་གི་བུད་མེད་དང་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད》ཅེས་པ་དང་། ཞི་ཅིན་ཕིང་གི་ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྲུན་བཅས་ལ་དོ་སྣང་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེདཅེས་པའི་དེབ་གཉིས་ཉེ་ལམ་མི་དམངས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བུད་མེད་དང་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྲུན་བཅས་ལ་དོ་སྣང་མཛད་ཅིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནས་འགོ་བརྩམས་ཏེ་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་བཏོན་ལ། ང་ཚོའི་ཏང་གིས་བུད་མེད་དང་བྱིས་པ་དང་ཁྱིམ་ཚང་བྱ་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་དེ་མཐོ་ཚད་གསར་བ་ཞིག་ཏུ་སླེབས་པར་བྱས་ཏེ། ཏང་གི་འགོ་ཁྲིད་ཀྱིས་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་དང་། ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་རྩ་བའི་འདོད་བློ་གཅིག་བསྡུས་ཀྱིས་མཚོན་ཡོད་ལ། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གཙོ་བོ་ཡིན་པས། དུས་རབས་གསར་བའི་བུད་མེད་དང་བྱིས་པ་དང་ཁྱིམ་ཚང་གི་བྱ་བར་ཚན་རིག་གི་མཛུབ་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ཞི་ཅིན་ཕིང་གི་བུད་མེད་དང་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད》ཅེས་པ་དང་། ཞི་ཅིན་ཕིང་གི་ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྲུན་ལ་དོ་སྣང་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེདཅེས་པའི་དེབ་གཉིས་ཀྱིས་སོ་སོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བུད་མེད་དང་བྱིས་པ་དང་ཁྱིམ་ཚང་གི་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་བརྗོད་སྙིང་གཙོ་བོ་དང་བསམ་བློའི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་བླང་བྱ་བཅས་མ་ལག་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་ཡོད་སྟབས། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བུད་མེད་དང་བྱིས་པ་དང་ཁྱིམ་ཚང་གི་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་དབང་ཟིལ་ཅན་གྱི་ཟུར་ཁྲིད་ཀློག་དེབ་ཅིག་ཡིན་ལ། དུས་རབས་གསར་བའི་བུད་མེད་དང་བྱིས་པ་དང་ཁྱིམ་ཚང་གི་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་ནུས་ལྡན།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།