སྟོན་གཞུང་འདི་ནི་འབྲས་བཟང་བསྡུ་བའི་དུས་ཡིན། གསར་འགོད་པ་མཚོ་སྔོན་ཚལ་རྔ་འགག་ཆུ་མཛོད་ཁུལ་དུ་བསྐྱོད་དེ། ཚལ་རྔའི་ཀྲི་ཞིན་མཚོ་སྔོན་མ་རྐང་ཚད་ཡོད་ཀུང་སིའི་དྲ་སྒམ་གསོ་སྤེལ་རྟེན་གཞི་རུ་ལས་ལ་བྲེལ་ཞིང་གོ་རིམ་ལྡན་པའི་རྣམ་པ་མཐོང་། དྲ་སྒམ་ནང་དུ་དྲ་རྒྱ་རུ་ཚུད་པའི་ཉ་སན་ཝན་དེ་ཉ་འདྲེན་ཕུམ་བརྒྱུད་དེ་ཁོག་འདྲུད་ཐོན་སྐྱེད་བྱེད་སར་བསྐྱལ་ཞིང་། བཟོ་བས་བྱང་ཆུབ་པའི་ལག་རྩལ་གྱིས་ཉ་མ་ཤི་གོང་ཁོག་འདྲུད་གཙང་དག་བྱས་ཚར་འདུག དེ་མུར་སོས་ཉར་འཁྱགས་སྒམ་དུ་བཅུག་སྟེ་གྲུ་ཐོག་ཏུ་འཇོག་པ་དང་། ཅང་མི་འགོར་བར་སྒམ་རེ་རེ་ཐུམ་བརྒྱབ་ཚར་བའི་ཐོན་རྫས་གྲུ་ཁ་ནས་ས་གནས་སོ་སོའི་ཟས་ཅོག་སྟེང་དུ་བསྐྱལ་བཞིན་ཡོད།
མཚོ་སྔོན་གྱི་ཉ་སན་ཝན་དེ་རྒྱ་མཚོ་ཆེན་པོ་དང་ཁད་ཐག་རིང་བའི་མཐོ་སྒང་གི་ཆུ་ཁོངས་ནས་ལམ་ལ་ཆས་ཤིང་རི་ཆུ་སྟོང་ཕྲག་བརྒལ་ཏེ་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ15ལྷག་གི་གསོལ་ཅོག་སྟེང་དུ་སྐྱོད་དེ། ཐུན་མོང་མ་ཡིན་པའི་དྲོ་བ་འཛམ་གླིང་གི་གྲུ་ཟུར་མང་པོར་ཁྱབ་སྲིད།