ཝུའུ་ཞའོ་ཅུན་གྱིས་རྒྱལ་སྟོན་དང་ཟླ་མཆོད་གུང་གསེང་རིང་དུ་བདེ་འཇགས་བརྟན་བརླིང་དང་འཛད་སྤྱོད་བརྟན་འཕར་ཡོང་བའི་ལས་ཀ་ཁག་ལེགས་པོར་བསྒྲུབ་དགོས་པ་ནན་གྱིས་བསྟན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཟླ10ཚེས6ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གཉིས་རིང་གི་ལས་ཀར་རྟོག་ཞིབ་གནང་བ་མ་ཟད།  ལས་གནས་སུ་འབད་འཐབ་བྱེད་མཁན་རྒྱ་ཆེའི་ལས་བྱེད་ལས་བཟོ་བ་རྣམས་ལ་གུས་འདུད་དང་མཚམས་འདྲི་གནང་།  ཁོས་འདི་སྐད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་ཀྱི་སྒོ་ནས་ཐོན་སྐྱེད་བྱེད་དགོས་པའི་སྐོར་གྱི་སློབ་སྟོན་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་གྱི་ལས་དོན་ལ་བཏོན་ལ་བླང་བྱ་གལ་ཆེན་ལག་ལེན་མཐའ་འཁྱོལ་བ་བྱས་ཏེ།  གུང་གསེང་སྐབས་ཀྱི་བདེ་འཇགས་བརྟན་བརླིང་ཡིན་ལ།  འཛད་སྤྱོད་ལ་སྐུལ་འདེད།  བརྟན་ཐོག་ཡར་འཕེལ་བཅས་ཀྱི་སྒོ་ནས་ལས་ཀ་ཁག་ལེགས་པོར་བསྒྲུབ་དགོས་པ་ནན་གྱིས་བསྟན།

ཝུའུ་ཞའོ་ཅུན་ཞིང་ཆེན་ཏང་ཨུའི་སྤྱིའི་ལས་རེས་ཁང་དང་ཞིང་ཆེན་ཏང་ཨུའི་གཞུང་དོན་ཐིང་ཆ་འཕྲིན་ཁང་དུ་བསྐྱོད་དེ།  འགྲིམ་འགྲུལ་ས་ཚིགས་ཀྱི་གནས་ཚུལ་དང་།  ལྗོངས་ཁུལ།  མྱུར་བགྲོད་གཞུང་ལམ་ལ་སོགས་ཀྱི་དུས་ཐོག་ལྟ་ཞིབ་ཀྱི་བརྙན་གཟུགས་ལ་བལྟས་པ་མ་ཟད།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་། ཞིང་ཆེན་མེ་ཟོན་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག  ཞིང་ཆེན་སྤྱི་བདེ་ཐིང་། མཚོ་ཤར་གྲོང་ཁྱེར་བཅས་ལ་ཁ་པར་སྦྲེལ་ནས་དུས་ཆེན་རིང་གི་ལས་རེས་ལས་སྲུང་དང་འགྲིམ་འགྲུལ་བདེ་སྐྱོང་།  འཕྲལ་བསྟུན་མེ་ཟོན་མེ་འགོག་ལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་འདི་སྐད།  “དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་མེད་པའི་སྒོ་ནས”ཉེན་ཁ་སྔོན་འགོག་དང་བདེ་འཇགས་འགན་སྲུང་བྱས་ཏེ།  དུས་ཐོག་ཏུ་འདུ་ར་གལ་གནད་དང་། མངའ་ཁོངས་གལ་ཆེན་གྱི་བདེ་འཇགས་ཉེན་ཁར་ཞིབ་བཤེར་བྱས་ནས་མི་འགྱང་བར་གུང་གསེང་གི་མགྲོན་པོ་མང་པོ་ཕྱིར་ལོག་པའི་གལ་གནད་དུས་ཀྱི་དཀའ་ངལ་ཅི་རིགས་ནུས་ཤུགས་ཡོད་རྒུས་སེལ་ཐུབ་ཅིང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས། སྤྱི་ཚོགས་སྤྱིའི་གཏན་འཇགས་བཅས་ལ་སྲུང་སྐྱོབ་ཏན་ཏིག་བྱ་དགོས།     གནས་སྲུང་ལ་འགན་ཡོད་པ་དང་གནས་སྲུང་ལ་འགན་འཁུར་བ། གནས་སྲུང་གི་འགན་ཁུར་དུ་འཁྱེར་བ་བཅས་ཀྱི་ལམ་ནས་ལས་རེས་ལས་སྲུང་དང་།  ཆ་འཕྲིན་ཞུ་སྐྱེལ་ལམ་ལུགས་བཅས་ལག་བསྟར་ནན་མོ་བྱས་ཏེ། མྱུར་ལ་ཡང་དག་པའི་སྒོ་ནས་ཆ་འཕྲིན་གལ་ཆེན་ཞུ་སྐྱེལ་བྱས་ནས་ཚན་རིག་དང་མཐུན་པའི་ཇུས་ཆོད་དང་བཟློག་སེལ་ཕན་ལྡན་ལ་རམ་འདེགས་སྟོབས་དང་ལྡན་པ་མཁོ་འདོན་བྱ་དགོས་ཞེས་བསྟན།

ཟི་ལིང་དགོང་ཚགས་ཀྱིས་རྒྱལ་སྟོན་གྱི་རྒྱལ་སྤྱིའི་རླངས་འཁོར་འགྲེམས་སྟོན་བྱས་པའི་སྟེང་རྒྱལ་ཁབ་ཕྱི་ནང་གི་སྤུས་རྟགས་གྲགས་ཅན60ལྷག་གི་རླངས་འཁོར་འགྲེམ་སྟོན་བྱས་ཤིང་། རླངས་འཁོར་ཁེ་ལས་ཀྱི་གཟིགས་སྐྱོང་དང་སྲིད་གཞུང་གི་ཁ་གསབ་གཉིས་ཟུང་དུ་སྦྲེལ་ནས་འཛད་སྤྱོད་པར་གོང་ཁེ་བྲིན་པོ་ཡི་ཕན་པ་བསྐྲུན།  ཝུའུ་ཞའོ་ཅུན་སྤུས་རྟགས་གྲགས་ཅན་གྱི་འགྲེམ་ཁུལ་དུ་སྐྱོད་དེ་རླངས་འཁོར་གྱི་ཚིགས་ཀར་མྱོང་རོལ་དང་། ཕྱིར་འཚོང་གི་གནས་ཚུལ་དང་ཁ་གསབ་སྲིད་ཇུས་ལ་རྩད་འདྲི་བྱས། ཁོས་འདི་སྐད།  རླངས་འཁོར་འགྲེམ་སྟོན་གྱི་འཛད་སྤྱོད་སྟེགས་བུ་གལ་ཆེན་འདི་བེད་ལེགས་པོ་སྤྱད་དེ།  “གསར་པ་གཉིས”ཀྱི་སྲིད་ཇུས་ལག་བསྟར་ལ་ཤུགས་བསྣན་པ་དང་།   དུས་ཆེན་རིང་གི་འཛད་སྤྱོད་བྱེད་སར་དམིགས་ཏེ།  འཛད་སྤྱོད་པའི་གདེང་སེམས་ཆེར་སྐྱེད་དང་འཛད་སྤྱོད་ལ་གསོན་ཤུགས་བསླང་ནས་མི་དམངས་མང་ཚོགས་ཀྱི་སྣ་མང་ཡིན་ལ་སྤུས་ཚད་མཐོ་བའི་འཛད་སྤྱོད་དགོས་མཁོ་བསྐང་ཐུབ་པར་བྱ་དགོས་པ་བསྟན།མཚོ་སྔོན་དུས་རབས་ནུས་གསར་ཚན་རྩལ་ཚད་ཡོད་ཀུང་སིར་ཝུའུ་ཞའོ་ཅུན་གྱིས་ན་ནིང་ལེགས་འགྲུབ་བྱུང་བའི་15GWhསྒུལ་ཤུགས་ནུས་གསོག་གློག་རྡོ་ལས་གཞིར་རྟོག་ཞིབ་གནང་ཞིང་།  འཛུགས་སྐྲུན་བྱེད་བཞིན་པའི་སྣེ་ལེབ་རྣམ་གྲངས་ལ་རྒྱུས་ལོན་བྱས་པ་དང་།  ཉིང་ཏེ་དུས་རབས་ཀྱིས་མུ་མཐུད་དུ་མཚོ་སྔོན་བློར་བབས་ཤིང་དེ་ལ་མ་དངུལ་གཏོང་བར་ཐུགས་རྗེ་ཆེ་ཞུས།   རེ་བ་ཡིན་ན་ཁེ་ལས་ཀྱིས་མུ་མཐུད་དུ་ལས་གཞིའི་རྣམ་གྲངས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།   མཚོ་སྔོན་དུ་ཡོད་པའི་ལས་ཐོན་ལས་བཀོད་པ་སྔར་ལས་འཐུས་ཚང་བ་ཞིག་བཟོས་ནས་མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་དགེ་མཚན་དང་ཚྭ་མཚོའི་ཐོན་ཁུངས་སྟོབས་ཤུགས་འདོན་སྤེལ་ཐོག   གནོད་མེད་གློག་གི་རིན་ཐང་བརྗེ་སྒྱུར་མངོན་འགྱུར་བྱས་ནས་མཉམ་དུ་མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་བར་སྐུལ་འདེད་གཏང་རྒྱུ་དེ་ཡིན་ཞེས་བསྟན་པ་མ་ཟད།  འབྲེལ་ཡོད་ས་ཁུལ་དང་སྡེ་ཚན་གྱིས་འབྲེལ་ཟམ་གྱི་ནུས་པ་ལེགས་པོ་བཏོན་ཏེ།   ཁེ་ལས་ཀྱི་དགོས་མཁོ་ཇི་ལྟར་ཞབས་ཕྱི་བསྒྲུབ་པའི་གནད་ས་འཚོལ་ཞིབ་བྱས་ནས་སྦྲེལ་ཐག་ཆད་གསབ་དང་སྦྲེལ་ཐག་རིང་དུ་བསྲིངས་ཤིང་སྟོབས་བསྐྱེད་པ་བཅས་ཀྱི་སྒོ་ནས་ཁེ་ལས་བར་གྱི་མཉམ་ལས་སྐུལ་འདེད་བཏང་ནས་མཚོ་སྔོན་དུ་ཁེ་ལས་ཀྱི་རྒྱ་སྐྱེད་ཅིང་སྟོབས་ལྡན་དུ་གཏང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་དགོས་པའི་བླང་བྱ་བཏོན།

ཚེ་རིང་ཐར་དང་ཀྲུའུ་ཞིང་ཧྥེང་བཅས་རྟོག་ཞིབ་ལ་ཞུགས་ཤིང་། ཧི་ལུའུ་ཁྲུན་འབྲེལ་ཡོད་ཀྱི་བྱེད་སྒོར་ཞུགས །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།