ཅི་དགར་རོལ་བའི་ཁྲུང་ཁྲུང་མགོ་ཁྲ།
ལ་སྒང་འཛེག་བཞིན་པའི་གནའ་ཕྲུག
འདམ་རྩྭའི་གསེབ་ཏུ་ཟས་འཚོལ་བཞིན་པའི་ཁྲུང་ཁྲུང་སྐེ་ནག
མཚོ་ངོས་སུ་རྐྱལ་ལ་རོལ་བའི་ཆུ་བྱ།
རྩྭ་ཐང་དུ་ཅི་དགར་རྒྱུ་བའི་དགོ་སྐྱ།
མཚོ་ངོས་སུ་རྩེད་འཇོར་རོལ་བཞིན་པའི་ཆུ་སྐྱར།
བྱ་འཛིང་རྒྱག་པའི་ཐང་ནག
རི་ལྡེབས་ནས་སྐྱོད་བཞིན་པའི་སྦྲེ།
ཟས་འཚོལ་བཞིན་པའི་འཇོལ་མོ་སེར་འདབ།
ནགས་གསེབ་ཏུ་ཟས་འཚོལ་བའི་བྱ་ཝང་སྔོན་པོ།
ཟས་འཚོལ་བཞིན་པའི་རྩྭ་གླག
བྲག་ངོས་སུ་རྒྱུ་བའི་གནའ་བ།
ངོ་མཚར་ཆེ་ལ་ཡངས་ཤིང་རྒྱ་ཆེ་བའི་གཙང་གསུམ་ཆུ་འགོའི་ཞིང་ཁམས་ན། འགྲོ་བ་མིའི་རིགས་འཚོ་གནས་བྱེད་པ་ཕུད། རྒྱང་རིང་མི་མངོན་པའི་སར་བརྗོད་ཀྱིས་མི་ལང་བའི་རི་སྐྱེས་སྲོག་ཆགས་སྣ་ཚོགས་སྣ་མང་འགྱུར་མང་གི་ས་གཤིས་དང་གནམ་གཤིས་ཀྱི་ཁོར་ཡུག་ཁྲོད་འཚོ་གནས་བྱེད་བཞིན་ཡོད། དེ་གར་ནི་རི་ཚོགས་ཀྱི་རྩེ་མོ་དང་ཆུ་བོའི་འབྱུང་ཁུངས་རེད་ལ། སྲོག་ཆགས་ཀྱི་ཞིང་ཁམས་དེ་བས་ཀྱང་རེད།
གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བར། མི་དང་སྲོག་ཆགས་ཐུན་མོང་ལ་དབང་བའི་ཞིང་ཁམས་འདི་སྲུང་སྐྱོང་བྱེད་རྒྱུ་ནི་སྔར་ནས་བཟུང་འདི་གའི་ཡུན་རིང་གཏན་འཁྱོངས་བྱེད་པའི་བརྗོད་དོན་གཙོ་བོ་ཞིག་རེད། འདི་གར་ས་བབ་སྨི་4700ཡན་ཟིན་པ་དང་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་རྒྱལ་ཁབ་སྤྱི་གླིང་དུ་མཐོ་གྲང་ན་ཁ་དང་། མཐོ་གྲང་རྩྭ་ཐང་། མཐོ་གྲང་ཐང་རྒོད། རི་མཐོའི་རྒྱུག་རྡོའི་གྲམ་ཐང་། འདམ་ར་སོགས་རིགས་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཁོར་ཡུག་ཡོད་ལ། འདི་གར་ཐུན་མོང་མ་ཡིན་པའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཡང་གྲུབ་ཡོད་པས། “མཐོ་གྲང་སྐྱེ་དངོས་ཀྱི་དངོས་རིགས་ཐོན་ཁུངས་མཛོད”ཅེས་ཡུལ་གྲུ་ཀུན་ཏུ་གྲགས།
མཚོ་སྔོན་གྱི་ངོ་མཚར་མཛེས་ལྗོངས་ཕུད། འདི་གར་དེ་བས་ཡིད་དབང་འཕྲོག་ས་མང་པོ་ཡོད་ཅིང་། “གངས་རིའི་རྒྱལ་པོར”གྲགས་པའི་གསའ་ཡང་ཡང་མཐོང་རྒྱུ་ཡོད་པ་དང་། འཚོ་གནས་དཀའ་ཁུལ་ཡིན་པའི་ཁུ་ཁུ་ཤིས་རིར་འཚོ་གནས་བྱེད་པའི་གཙོད་ལ་དེ་བས་དོ་ཁུར་བྱེད་ཀྱི་ཡོད། སྐྱེ་ཁམས་པར་རྒྱག་མཁན་དེ་བས་མང་བས་མཚོ་སྔོན་གྱི་ངོ་མཚར་མཛེས་ལྗོངས་དང་རི་སྐྱེས་སྲོག་ཆགས་པར་རྒྱག་ཆེད་དེ་གར་ཡོང་གི་ཡོད།
སྟོང་སྨི་གྲུ་བཞི་ཁྲི་19.07ཟིན་པའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་སྤྱང་གྲུང་དོད་པའི་འཕྱི་བ་དང་། སྙིང་རྗེ་བའི་སྦྲེ། ཁྱུ་ཚོགས་བསྒྲིགས་ནས་བྲག་རིའི་ངོས་སུ་གནས་བཅའ་བའི་གནའ་བ། བདེ་ལྕག་འཁྱུག་པའི་དགོ་སྐྱ་སོགས་དུས་ངེས་མེད་དུ་ང་ཚོའི་འདྲེན་བྱེད་ལམ་དུ་མཐོང་རྒྱུ་ཡོད་པ་དང་། ཁོང་ཚོ་རྫི་གསང་ལ་གྲུང་ཤ་དོད་པ་དང་སྐབས་རེ་བདེ་ལྕག་འཁྱུག་པོས་བང་རྩལ་འགྲན་པ་དང་སྐབས་རེ་རྩྭ་ཆུར་ཅི་དགར་རོལ་བའི་རྣམ་པ་དེ་དག་མི་ཚོས་པར་རྒྱག་གང་ཐུབ་བྱེད་ཀྱི་ཡོད།
མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཀྲང་ཏུའོ་ཅུན། ཚེ་མགོན་རྒྱལ། དབྱང་ཧུང་ཤ ཕན་ཧའོ། དངོས་སྦྱོང་གསར་འགོད་པ། ཀྲང་ཧྥུའུ་ཀྲའོ།