ལུའོ་ཏུང་ཁྲོན་གྱིས་དུས་ཆེན་གཉིས་རིང་གི་ལས་རེས་ལས་སྲུང་དང་། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་འཇགས་བྱ་བར་རྟོག་ཞིབ་བྱེད་སྐབས་བདེ་འཇགས་ལ་འགན་སྲུང་ལ་སོགས་ཀྱི་ཐད་ནན་གྱིས་བསྟན་པ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ལུའོ་ཏུང་ཁྲོན་གྱིས་རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་སྐབས་ཀྱི་ལས་རེས་ལས་སྲུང་དང་། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་འཇགས་བྱ་བར་རྟོག་ཞིབ་བྱེད་སྐབས།  བརྩེ་སེམས་ཡོད་པའི་སྒོ་ནས་བདེ་འཇགས་ལ་འགན་སྲུང་དང་མཁོ་འདོན་བརྟན་པོ་ཡོང་བ།  དམངས་འཚོ་ལ་ཕན་པ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་སྤྲོ་སྐྱིད་འཆམ་མཐུན་དང་བདེ་འཇགས་ཀྱི་དུས་ཆེན་ཞིག་རོལ་དུ་འཇུག་དགོས་ཞེས་ནན་གྱིས་བསྟན།  
 

    ཟླ10པའི་ཚེས1ཉིན།    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།   ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་སྐབས་ཀྱི་ལས་རེས་ལས་སྲུང་དང་། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་འཇགས་བྱ་བར་རྟོག་ཞིབ་བྱེད་སྐབས།    མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་།   དུས་ཆེན་སྐབས་ཀྱི་བྱ་བ་སོ་སོ་གཟབ་ནན་ཞིབ་ཚགས་སྒོས་བཟང་བོར་སྒྲུབ་པ།   བརྩེ་སེམས་ཡོད་པའི་སྒོ་ནས་བདེ་འཇགས་ལ་འགན་སྲུང་དང་མཁོ་འདོན་བརྟན་པོ་ཡོང་བ།  དམངས་འཚོ་ལ་ཕན་པ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་སྤྲོ་སྐྱིད་འཆམ་མཐུན་དང་བདེ་འཇགས་ཀྱི་དུས་ཆེན་ཞིག་རོལ་དུ་འཇུག་དགོས་ཞེས་ནན་གྱིས་བསྟན།

           ཞིང་ཆེན་སྲིད་གཞུང་གི་སྤྱིའི་ལས་རེས་ཁང་དུ།    ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་།  ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན།    ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་དོ་དམ་སྤྱིའི་རུ་ཁག   ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན།    མཚོ་ཤར་གྲོང་ཁྱེར་བཅས་ལ་བརྙན་རིས་སྦྲེལ་མཐུད་བྱས་ནས།    ལས་གནས་བརྟན་སྲུང་བྱེད་མཁན་གྱི་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་བྱས་ཤིང་།     གཞུང་ལམ་འགྲིམ་འགྲུལ་དང་རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ཞབས་ཞུ་འགན་སྲུང་བྱ་བར་བཀོད་འདོམས་བཀོད་གཏོང་བྱས།  ཁོས་དུས་ཆེན་སྐབས་སུ་མང་ཚོགས་ཕྱིར་བགྲོད་བྱེད་ཚད་མང་ཞིང་།  བྱ་འགུལ་ཆེ་གྲས་མང་ལ།   མི་དང་རླངས་འཁོར་འཁོར་རྒྱུག་བྱེད་ཚད་མང་བས།     ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བྱ་བའི་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་།   གཙོ་གནད་གཅིག་བསྡུས་བྱེད་པ། གཞི་གྲངས་ཆེན་མོ་སོགས་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ་སྟོབས་ཤུགས་བཀོད་སྒྲིག་ཐད་ལུགས་མཐུན་སྒོས་གཅིག་གྱུར་འཆར་འགོད་བྱེད་པ།    གནད་ལ་འཁེལ་བའི་སྒོ་ནས་ཞིབ་འཇུག་བརྡར་གཅོད་དང་བཀོད་གཏོང་བྱེད་པར་ཤུགས་སྣོན་པ།    བདེ་འཇགས་དོ་དམ་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ཏེ་དུས་ལྟར་བདེ་འཇགས་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ཚན་རིག་དང་མཐུན་ཞིང་ནུས་ཡོད་སྒོས་ཐག་གཅོད་པ།    ཞབས་ཞུའི་འགན་སྲུང་བྱ་བ་སྣ་ཚོགས་གཟབ་ནན་ཞིབ་ཚགས་སྒོས་བཟང་བོར་སྒྲུབ་སྟེ།   འགུལ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།  བདེ་སྣང་བཅས་ཇེ་དྲག་ཏུ་གཏོང་དགོས་ཞེས་བསྟན།

           ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་དུ་ཡོད་པའི་མདོ་དབུས་མཐོ་སྒང་ཞིང་ཞོར་ཐོན་རྫས་བསྡུ་འགྲེམས་ལྟེ་གནས་ནི་མདོ་དབུས་མཐོ་སྒང་གི་གཞི་ཁྱོན་ཆེས་ཆེ་བའི་ཞིང་ཞོར་ཐོན་རྫས་འཁོར་རྒྱུག་ལྟེ་གནས་ཡིན།   ལུའོ་ཏུང་ཁྲོན་གྱིས་ཚོང་བདག་རྣམས་དང་བརྗེ་རེས་བྱས་ཏེ།     འབྲུ་སྣུམ་འབྲས་ཕྱེ་དང་སྔོ་ཚལ་སྒོང་རིགས་སོགས་ཤ་ཚལ་སྒོང་གསུམ་གྱི་ཐོན་རྫས་མཁོ་འདོན་གསོག་འཇོག་དང་བསྡུ་འགྲེམས་ལྟེ་གནས་ཀྱི་ཚོང་གཉེར་འཁོར་སྐྱོད་གནས་ཚུལ་ཞིབ་ཏུ་དྲིས་ཤིང་།    ཁྲོམ་རའི་རིན་གོང་འཕར་ཆག་དང་མཁོ་སྤྲོད་འགྱུར་ལྡོག་ལ་དོ་ཁུར་ནན་མོ་བྱས།   ཁྲོམ་རའི་འཁོར་སྐྱོད་བརྟན་འཇགས་དང་གོ་རིམ་ལྡན་པར་འགན་ལེན་བྱས་ཏེ།      སྟོབས་ཤུགས་ཡོད་རྒུས་དུས་ཆེན་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་ཞིང་ཞོར་ཐོན་རྫས་མཁོ་འདོན་འདང་ངེས་དང་སྤུས་ཚད་བདེ་འཇགས།   རིན་གོང་བརྟན་པོ་ཡོང་བ་བཅས་ལ་འགན་སྲུང་བྱེད་དགོས་ཞེས་བསྟན། 

         ཟི་ལིང་གྲོང་ཁྱེར་ཧའེ་ཧུའུ་ཁུལ་གསར་དབྱི་ཅཱ་ཆིན་སྣ་མང་ཚོང་ར་རུ་ལུའོ་ཏུང་ཁྲོན་གྱིས་ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་།   འཛད་སྤྱོད་པ་དང་བརྩེ་བའི་བརྗེ་རེས་བྱས་ནས།    མཁོ་སྤྲོད་འགན་སྲུང་དང་རིན་གོང་བརྟན་པོ་ཡོང་བར་བྱེད་པ།    ཟས་རིགས་བདེ་འཇགས་གནས་ཚུལ་བཅས་ལ་ཡུལ་དངོས་ནས་རྒྱུས་ལོན་བྱས་ཤིང་།   ཁེ་ལས་ཀྱིས་ཚོང་གཉེར་འདུ་ཤེས་གསར་གཏོད་བྱས་ཏེ་ཟོང་རྟགས་འཛུགས་སྐྲུན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་།   ཞབས་ཞུ་ཇེ་བཟང་དུ་གཏོང་བའི་ཐད་ཤུགས་སྣོན་པ།     ཟས་རིགས་བདེ་འཇགས་ཀྱི་འབྲེལ་ཐག་ཧྲིལ་བོའི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་གཏོང་བ།   ཐོན་རྫས་ཀྱི་བདེ་འཇགས་ཚད་མཐའ་བརྟན་སྲུང་བཅས་བྱས་ནས།    ཤུགས་ཆེན་པོས་མི་དམངས་མང་ཚོགས་ལ་བློ་བདེ་སེམས་སྐྱིད་ཀྱི་འཛད་སྤྱོད་ཁོར་ཡུག་བསྐྲུན་དགོས།  དུས་ཆེན་སྐབས་ཀྱི་འཛད་སྤྱོད་གཙོ་གནད་དམ་འཛིན་བྱས་ཏེ།  རང་རྟོགས་ངང་ཁྲོམ་རའི་དགོས་མཁོ་དང་བསྟུན་པ་དང་།    འཚོང་སྐུལ་བྱ་འགུལ་གསར་གཏོད་སྒོས་སྤེལ་ནས་མི་དམངས་ལ་ཕན་ཁེ་མང་པོ་བསྐྲུན་ནས།   དུས་ཆེན་གྱི་སྣང་ཚུལ་སྟུག་པོ་དང་མི་གཤིས་སྔར་ལས་བཟང་བ།    འཛད་སྤྱོད་སྔར་ལས་མང་པོའི་རྣམ་པ་བཟང་བོ་ཞིག་བསྐྲུན་དགོས་ཞེས་བསྟན། ཝང་ཝེ་ཏུང་དང་ཝང་ཧའེ་ཧུང་གཉིས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།