——ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བའི་བྱ་འགལ་སྤེལ།
ཟླ9ཚེས30ཉིན་ནི་རང་རྒྱལ་གྱི་སྔོན་གཤེགས་དཔའ་བོ་རྗེས་དྲན་གྱི་ཉིན་མོ་ཨང་བཅུ་གཉིས་པ་རེད། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུད་འཛིན་དང་ཞུམ་མེད་སྙིང་སྟོབས་རྒྱུད་འཛིན་རྒྱུད་ལ་ལེན་ཆེད་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་དང་ཞིམ་མེད་སྙིང་སྟོབས་རྒྱུད་འཛིན་གྱི་བྱེད་སྒོ་སྤེལ་ཏེ། རྒྱལ་གཅེས་རིང་ལུགས་སྙིང་བོར་བསྡུས་པའི་མི་རིགས་ཀྱི་སྙིང་སྟོབས་དང་། ཞུམ་མེད་མདུན་སྐྱོད་ཀྱི་སེམས་ཤུགས་ཆེན་པོ། ཡར་རྒྱས་ཡར་བརྩོན་གྱི་འགན་འཁྲི་ཁག་ཁུར་བཅས་དར་སྤེལ་བཏང་ནས་གསར་བརྗེ་སྔོན་གཤེགས་དཔའ་བོར་བླ་མེད་གོང་བཀུར་དང་གདུང་སེམས་ཚད་མེད་ཀྱིས་རྗེས་དྲན་ཞུས།
མཚོ་བྱང་ཁུལ་རྐང་ཚ་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོ་ར་བར་མེ་ཏོག་གི་མཆོད་པ་ཕུལ་བའི་མཛད་སྒོ།
རྔམ་བརྗིད་ལྡན་པའི་ཆོ་ག་བརྒྱུད་དེ་སྔོན་གཤེགས་དཔའ་བོ་རྗེས་སུ་དྲན།
ཟླ9ཚེས30ཉིན་གྱི་སྔ་དྲོར།མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་སྔོན་གཤེགས་དཔའ་བོའི་སྤྱི་མཆོད་ཐང་ཆེན་དུ། ཆུས་དེའི་ཐད་གཏོགས་སྡེ་ཚན་ཁག་དང་ལས་ཁུངས་ནས་ཡོང་བའི་མི་སྣ་དང་ན་ཆུང་གདོང་ལེན་རུ་མིའི་འཐུས་ཚབ་བཅས་མི190སྤྱི་མཆོད་བྱེད་སྒོར་ཞུགས།
རྒྱལ་གླུ་སྙན་མོའི་ཁྲོད་དུ་དེར་ཡོད་ཀྱི་མི་ཡོངས་ཀྱིས་མགོ་ཞྭ་མོ་ཕུད་ཅིང་དུད་དེ་མྱ་ངན་གྱི་ཚུལ་དུ་གསར་བརྗེ་སྔོན་གཤེགས་དཔའ་བོར་བླ་མེད་གུས་འདུད་ཞུས། ན་ཆུང་གདོང་ལེན་རུ་ཁག་གི་རུ་མི་རྣམས་ཀྱིས《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན》ཞེས་པའི་གཞས་མཉམ་དུ་བླངས་ཏེ། གསར་བརྗེའི་སྙིང་སྟོབས་རབས་ནས་རབས་སུ་རྒྱུད་པའི་རྟེན་འབྲེལ་བསྒྲིགས། 《མེ་ཏོག་མཆོད་འབུལ་གྱི་གཞས》གྲགས་པ་མཉམ་དུ་གུས་དམག་གིས་མེ་ཏོག་གི་ཕྲེང་བ་ཡར་ལ་བཏེགས་ཏེ། སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་དུ་བསྐྱོད་ཅིང་། དེར་ཡོད་ཀྱི་མི་ཚང་མས་གུས་འདེད་ཞུས། ལས་བྱེད་མང་ཚོགས་རྣམས་དལ་གྱིས་རྡོ་རིང་གི་མདུན་དུ་ཡོང་ནས་མེ་ཏོག་གི་ཕྲེང་བ་ཕུལ་ནས་གསར་བརྗེ་སྔོན་གཤེགས་དཔའ་བོ་རྣམས་ལ་བླ་མེད་གུས་འདུད་དང་བཅས་རྗེས་དྲན་བྱས།
མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་གསར་བརྗེ་སྔོན་གཤེགས་དཔའ་བོའི་བང་སོ་ར་བའི་ནང་དུ། དམག་ལྭ་གྲལ་དག་གྱོན་པའི་གུས་ཞབས་དཔོན་དམག་རྣམས་ཀྱིས་གོམ་པའི་འདེགས་འཇོག་བརྟན་ཞིང་བརླིང་། མེ་ཏོག་གི་ཕྲེང་བ་མཐོ་རུ་བཏེགས་ཏེ་དྲན་གསོ་རྡོ་རིང་གི་ཕྱོགས་སུ་བསྐྱོད་དེ་རྡོ་རིང་གི་མདུན་དུ་ཕུལ་ནས་རྗེས་དྲན་བྱས།
དུས་གཅིག་ཏུ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་སྔོན་གཤེགས་དཔའ་བོའི་བང་སོ་ར་བར་དར་སྲུང་དམག་རུ་གི་གུས་དམག་བཅུ་ཡིས་མེ་ཏོག་གི་ཕྲེང་བ་ཡར་ལ་བཏེགས་ཤིང་། རྡོ་རིང་གི་གཡས་གཡོན་སུ་བསྒྲིགས་པ་དང་།མཉམ་དུ་རྒྱལ་གླུ་བླངས་ཏེ་གླུ་སྐད་བར་སྣང་དུ་ཁྱབ།
ཉིན་དེའི་ཕྱོགས་པའི་ཆུ་ཚོད9ཡི་སྟེང་དུ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་དུ་མཐོ་ཞིང་བརྗིད་པའི་སྔོན་གཤེགས་དཔའ་བོའི་དྲན་གསོ་རྡོ་རིང་འགྱིང་ངེར་ལྷིང་ཞིང་། ན་ཆུང་གདོང་ལེན་རུ་མིའི་འཐུས་མི་རྣམས་ཀྱིས་གླུ་སྐད་སྙན་མོས《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན》ཞེས་པའི་གླུ་དབྱངས་མཉམ་དུ་བླངས་ནས་གསར་བརྗེའི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་གྱི་བློ་རྩ་བརྟན་པོ་མཚོན་པར་བྱས།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོ་ར་བར། མཚོ་ལྷོ་ཁུལ་མེ་ཟོན་མྱུར་སྐྱོབ་ཡན་ལག་རུ་ཁག་མཚོ་སྔོན་པོའི་བྱང་ལམ་ཆེན་མོ་དམིགས་བསལ་ཉེན་རྟོག་ས་ཚིགས་ཀྱི་འགོ་གཙོ་གཞོན་པ་ཚའེ་ཧུང་ཁྲའོ་ཡིས་བང་སོར་ཕྱི་དོར་བྱེད་ཞོར་མིག་རྩ་དམར་པོར་གྱུར། ཁོས་འདི་སྐད། ཡུལ་འདི་སྲུང་ཆེད་དང་། མང་ཚོགས་སྐྱོབ་ཆེད་རང་སྲོག་བློས་བཏང་བའི་སྔོན་གཤེགས་མེས་པོ་རྣམས་དྲན་དུས། ངས་ད་དུང་དཔའ་བོ་རྣམས་ཀྱི་ཟུངས་ཁྲག་འཁྱགས་མེད་པའི་ཚོར་སྣང་ཞིག་སྐྱེས་འོང་། ཁོ་ཚོས་ཉེན་ཁ་གདོང་གིས་བསུས་ཤིང་། ཚེ་སྲོག་འབེན་ལ་བཞག་སྟེ་མེ་རྒྱལ་དང་མི་དམངས་ལ་བདེ་འཇགས་ཀྱི་སྲུང་རགས་བརྟན་པོ་བསྐྲུན། རང་ཉིད་མེ་ཟོན་མྱུར་སྐྱོབ་རུ་ཁག་གི་རུ་མི་ཞིག་ཡིན་པའི་ཆ་ནས་རྗེས་དྲན་འདི་སྔ་མོ་ནས་སེམས་ལ་བརྐོས་ཡོད། འབྱུང་འགྱུར་གྱི་ལས་ཀ་དང་མྱུར་སྐྱོབ་ཁྲོད་གུས་སེམས་སྙིང་ལ་བཅངས་ནས་མདུན་དུ་སྐྱོད་ངེས་ལ། དུས་བདེ་སྲུང་སྐྱོང་གི་བྱ་སྤྱོད་དངོས་ཀྱི་སྟེང་ནས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་ངེས་ཡིན་ཟེར།
ལོ་རྒྱུས་སེམས་ལ་ཉར་ནས་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྱི་སྦོན་གཤེགས་དཔའ་བོའི་བང་སོ་ར་བར་གཏེར་ལེན་ཁ་གྲོང་ཁྱེར་གྱི་དམག་འཁྱུར་དམག་མིའི་དོན་གཅོད་ཁང་གི་ལས་བྱེད་མེང་ཧྥ་མིན་དང་ཁོའི་ལས་གྲོགས་རྣམས་ཀྱིས་གདུང་སེམས་ཚད་མེད་ཀྱིས་སྔོན་གཤེགས་དཔའ་བོར་བླ་མེད་གུས་འདུད་ཞུས།
ཁོས་འདི་སྐད། ང་ཚོའི་རྡོག་འོག་གི་བདེ་ལམ་རེ་རེ་ལ་སྔོན་གཤེགས་དཔའ་བོའི་ཟུངས་ཁྲག་དང་བློ་བཀུར་འཐིམས་ཡོད། ང་ནི་ཏང་ཡོད་ཞིག་ཡིན་པའི་ཆ་ནས་ངས་སྔོན་གཤེགས་མེས་པོ་རྣམས་ཀྱི་སྙིང་སྟོབས་དར་སྤེལ་གཏང་རྒྱུ་དེ་ལས་ཀའི་སྒུལ་ཤུགས་སུ་བརྩིས་ཏེ། ལས་སྲུང་འགན་སྒྲུབ་དང་ཁག་ཁུར་དོན་དུ་གཉེར་ནས་དམག་འཁྱུར་དམག་མིས་ལས་ཀ་འགན་སྲུང་ལ་ཞབས་ཞུ་ལེགས་པོ་བྱ་རྒྱུ་དང་། བློ་གཅིག་སེམས་གཅིག་གིས་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་སེམས་འདུན་དང་འགན་འཁྲི་ལག་ལེན་དུ་བསྟར་རྒྱུ་ཡིན་ཟེར།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་སྤྱི་མཆོད་ཐང་ཆེན་གྱི་གསར་བརྗེ་སྔོན་གཤེགས་དཔའ་བོའི་དྲན་གསོ་རྡོ་རིང་སྟེང་གི་གསར་བརྗེ་སྔོན་གཤེགས་དཔའ་བོ་བསྐལ་བརྒྱར་བརྟན་པར་ཤོག ཞེས་པའི་ཡིག་འབྲུ་ལ་ལྟ་ཞོར་དུ། མཚོ་ཤར་གྲོང་ཁྱེར་གྱི་དམག་འཁྱུར་དོན་གཅོད་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཅུས་ཀྲང་ལི་ཀའོ་ཆིང་གིས་འདི་སྐད། ང་ཚོས་གསར་བརྗེ་སྔོན་གཤེགས་དཔའ་བོར་དྲན་གསོ་དང་། གསར་བརྗེ་སྔོན་གཤེགས་དཔའ་བོའི་བྱས་རྗེས་དང་བླ་མེད་ཀུན་སྤྱོད་རྗེས་སུ་དྲན་ཏེ། དྲང་སྲོང་གི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་། དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་བཞེས་ཏེ་ལས་ལ་སྤྲོ་ཞིང་བློ་རྩ་བརྟན་པོའི་སྒོ་ནས་དམག་འཁྱུར་དོན་གཅོད་ཁང་ལ་སྔར་ལས་ལྷག་པའི་ལག་རྗེས་འཇོག་པ་དང་། དམག་འཁྱུར་དམག་མིའི་ལས་ཀ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་བར་སྐུལ་འདེད་ཧུར་ཐག་བྱ་ངེས་ཡིན་ཟེར།