ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གཞུང་སྒྲུབ་ཐིང་གིས་དུས་ཆེན་ལ་དམིགས་ནས་སྤེལ་བའི་བརྡ་ཐོ་གསར་ཤོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གཞུང་སྒྲུབ་ཁང་གིས《རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་དང་། “བྱ་སྤྱོད་བཞི”བཅོས་སྐྱོང་དག་ཐེར་ནན་པོ་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》འགྲེམས་སྤེལ་བྱས།

རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་སླེབས་ལ་ཉེ་བའི་ཆར།  ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་པའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏང་ཆེད། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གཞུང་སྒྲུབ་ཐིང་གིས་ཉེ་ལམ《རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་དང་། “བྱ་སྤྱོད་བཞི”བཅོས་སྐྱོང་དག་ཐེར་ནན་མོ་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ཏེ།  རིམ་ཁག་སྒྲིག་བཤེར་ལྟ་སྐུལ་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་རྟོག་ཞིབ་བཤེར་ལ་ཤུགས་བསྣན་ནས“བྱ་སྤྱོད་བཞི”ཕྱིར་འཕར་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པའི་བླང་བྱ་བཏོན།

 《བརྡ་ཁྱབ》ནང་དུ། བྱེད་པོའི་འགན་འཁྲི་ཁུར་ཏུ་བླངས་ནས་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་ངོས་ཟིན་ཟབ་མོ་བསྐྱེད་རྒྱུ་ནི་ཏང་ཀྲུང་དབྱང་གིས་ཁ་དོན་ཚིག་ལ་བཞག་པའི་བྱེད་ཐབས་གལ་ཆེན་ཡིན་པར་སྐུལ་འདེད་ཧུར་ཐག་བྱས་ཏེ། དུས་ཆེན་རིང་དུ་ལས་ཀ་བརྟན་སྲུང་བྱས་ནས་སློབ་སྦྱོང་སློབ་གསོ་མཇུག་སྒྲིལ་བ་ནི“འགག་སྒོ་ལས་ཐར་བ”ལ་སོགས་ལྟ་བུའི་བསམ་བློ་ནོར་འཁྲུལ་ཅན་མཐའ་གཅིག་ཏུ་གཏན་འགོག་བྱ་དགོས་པ་དང་།  བྱ་སྤྱོད་འཛུགས་སྐྱོང་གི་ཐད་ལ་དམ་འཛིན་ནན་འཛིན་བྱས་ནས་ལྷོད་གཡེང་གཏན་ནས་བྱ་མི་རུང་བའི་བླང་བྱ་བཏོན་པར་མ་ཟད།  རིམ་ཁག་མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་སྤྱི་དང་། ནང་སྒོས“དཔོན་པོ་དང་པོ”ཡིས་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་མོ་བྱས་ཏེ་ཕྲག་གི་འགན་འཁྲི་ཁུར་དུ་བླངས་ནས་དོ་དམ་ཁོངས་གཏོགས་ཀྱི་དོ་དམ་བྱ་བ་ནན་འཛིན་ཐོག    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པར་སྣེ་ཁྲིད་དེ།   ན་གཞོན་ལས་བྱེད་དང་བསྐོ་འཐེན་ལས་བྱེད་གསར་པ།  གནད་འགག་ལས་རྐང་གི་ལས་བྱེད་རྣམས་ལ་དྲན་སྐུལ་བསླབ་བྱ་བཏང་ནས་བསམ་བློར་ལྷོད་གཡེང་དང་བྱ་སྤྱོད་ཚུན་མིན་འབྱུང་བར་བཀག་འགོག་དགོས་པའི་བླང་བྱ་བཏོན།

《བརྡ་ཐོ》ནང་དུ།    དུས་ཆེན་རིང་དུ་འབྱུང་སླ་བའི་གནད་དོན་ལ་མིག་བཅར་ཏེ། སྒྲིག་འགལ་གྱིས་ཟླ་གོར་འབུལ་བ་དང་མངག་ཉོ་བྱང་བུ་དང་འཛིན་ཤོག   དུ་ཆང་ཇ་རྫས་ལ་སོགས་ཀྱི་རྫོངས་དང་གསུག་དངུལ་ལེན་པ།  སྡོད་ཁུལ་ཆུང་ངུ་དང་ནང་ཁུལ་གྱི་གསོལ་ཁང་།  སྒེར་གཉེར་གསོལ་ཁང་ལ་སོགས་སུ་སྒྲིག་འགལ་ངང་ཟ་འཐུང་བྱེད་པ།  སྒྲིག་འགལ་ངང་ནས་ཕོགས་སྣོན་ཁ་གསབ་བམ་ཕན་བདེ་གཤམ་སྤྲོད་བྱེད་པ།  སྒྲིག་འགལ་ངང་ནས་གཉེན་སྟོན་དང་འདས་མཆོད་སྒྲུབ་པ།  གཞུང་འཁོར་སྒེར་སྤྱོད།  དེ་མིན་དྲང་གཞག་གི་སྒོ་ནས་གཞུང་དོན་བསྒྲུབ་པར་ཤུགས་རྐྱེན་ངན་པ་བཟོ་སྲིད་པའི་ཡུལ་སྐོར་དང་། རོལ་རྩེད་བྱེད་སྒོ་སོགས་བཀོད་སྒྲིག་བྱེད་པའི་གནད་དོན་དག་ལ་མཐའ་གཅིག་ཏུ་དག་ཐེར་བྱས་ཏེ།  ཞབས་ཞུ་འགན་སྲུང་གཉེར་སྐྱོང་བྱེད་མཁན་དང་། མི་དམངས་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་ཕྱོགས་ཀྱི་འགན་འཛོལ་ལས་འཛོལ་ལ་སོགས་པར་བཅོས་སྐྱོང་དག་ཐེར་ཤུགས་ཀྱིས་བྱེད་དགོས་པའི་བླང་བྱ་བཏོན།

《བརྡ་ཐོ》ཡི་ནང་དུ།  ལྟ་སྐུལ་སྒྲིག་བཤེར་གཟབ་ནན་གྱིས་བསྒྲུབ་ཏེ།  ད་སྤྱོད་ཉེས་དཔེ་དངོས་འཛིན་བཟུང་དང་། ལྐོག་ཉེས་གཞན་འགྱུར་གྱི་སྣང་ཚུལ་སྔོག་འདོན་རྩད་ཞིབ།   ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་མྱུར་རྩད་མྱུར་ཞིབ་བྱས་ནས།  རྫུན་ཞུ་དང་ཞུ་འཆབ་ལ་སོགས་ཀྱི་བྱ་སྤྱོད་ཡོད་ན་ཐག་གཅོད་ནན་མོ་བྱེད་དགོས་པ་དང་། གལ་ཏེ་མཇུག་འབྲས་ཧ་ཅང་ཚབས་ཆེ་ན།  འགན་དེད་དེ་མགོ་ཁྲིད་ཀྱི་འོས་འགན་ལ་རྩད་གཅོད་ནན་མོ་བྱས་ནས་དག་ཐེར་བྱ་བ་བཙན་གནོན་ཀྱིས་སྤེལ་དགོས།    འགན་འཛོལ་བྱུང་བ་ངེས་པར་དུ་འདྲི་གཅོད་དང་།  འགན་འདེད་བྱ་བ་ངེས་པར་དུ་གཟབ་ནན་བསྒྲུབ་ཏེ།  བྱ་སྤྱོད་འཛུགས་སྐྱོང་ལྷོད་གཡེང་དུ་བཏང་དང་། “བྱ་སྤྱོད་བཞི”ཡི་གནད་དོན་གཟེངས་སུ་ཐོན་པའི་ས་ཁུལ་དང་། ལས་ཁུངས་ཀྱི་ཏང་རྩ་འཛུགས། མགོ་ཁྲིད་ལས་བྱེད་བཅས་ལ་འགན་འདེད་དགོས། གནད་དོན་ དཔེ་མཚོན་ཅན་ཐེར་འདོན་ལ་ཤུགས་སྣོན་དང་དྲན་སྐུལ་ཉེན་བརྡའི་ཟིལ་ཤུགས་ཆེ་རུ་གཏང་དགོས་པ་ནན་གྱིས་བསྟན།

《བརྡ་ཐོ》ཡིས་སྤྱོད་གཙང་དྲང་སྲོང་གི་བྱ་སྤྱོད་དར་སྤེལ་བཏང་སྟེ།  ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་དགོས།  སྤྱོད་གཙང་ལ་བརྩི་བཀུར་དང་རུལ་སུངས་ལ་བཀག་འགོག སྤྲོས་མེད་སྤྱོད་མཁས། དཀའ་སྤྱད་འབད་འཐབ་སོགས་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་སྟེ།  ཏང་ཡུལ་ལས་བྱེད་ཀྱིས་མ་སྐུལ་རང་རྟོགས་ཀྱིས་འཕྲོ་བརླག་ཆུད་ཟོས་ལ་སོགས་གོམས་གཤིས་ངན་པ་རིགས་ལ་རྒོལ་བ་བྱས་ནས་དུས་ཆེན་ལ་སྤྱོད་གཙང་དྲང་སྲོང་གི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས་པའི་བླང་བྱ་བཏོན། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།