མཚོ་སྔོན་ཞིང་ཆེན་གྱི་གྲོང་གཞས་འགྲན་བསྡུར་སྐབས་དང་པོའི་རྟིང་རྩོད་འགྲན་སྡུར་གྱི་བྱ་དགའ་སྤྲོད་པའི་དགོང་ཚོགས་མཇུག་འགྲིལ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་གསར་དྲ་བའི་འཕྲིན། ཟླ9པའི་ཚེས26ཉིན་གྱི་དགོང་མོར། 2025ལོའི་མཚོ་སྔོན་ཞིང་ཆེན་གྱི་གྲོང་གཞས་འགྲན་བསྡུར་སྐབས་དང་པོའི་རྟིང་རྩོད་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་དགོང་ཚོགས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་དུ་བསྡུས་པ་རེད། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་གླུ་གླུ་མ་དང་རིག་རྩལ་ལས་དོན་པརྣམས་དང་ ཡུལ་དངོས་དང་དེ་བཞིན་བརྙན་འཕྲིན་མདུན་གྱི་ལྟད་མོ་བ་རྣམསདང་ལྷན་དུམཚོ་སྔོན་པོའི་འགྲམ་དུ་འཛོམས་ཏེ གྲོང་གསེབ་ཀྱི་བརྩེ་་དང་དུས་རབས་ཀྱི་སྙིང་སྟོབས་མཉམ་འདྲེས་བྱས་པའི་རིག་གནས་ཀྱི་གསོལ་སྟོན་ཆེན་མོའདི་ཐུན་མོང་ཐོག་བདེན་དཔང་བྱས

ཐེངས་འདིའི་བྱེད་སྒོ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱི་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་སྦྲེལ་དྲ་གསར་འགྱུར་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་རིག་གནས་ཁང་བཅས་ཀྱིས་འགན་སྒྲུབ་གནང་བ་ཡིན་ལ།  ཟླ4པར་འགོ་ཚུགས་པ་ནས་བཟུང་མིང་ཐོ་འགོད་པ་དང་། ཐོག་མའི་འདེམས་གསེས  ཐོག་མའི་འགྲན་སྡུར། བསྐྱར་འགྲན རྟིང་རྩོད་འགྲན་སྡུར་སོགས་རིམ་པ་དྲུག་བརྒྱུད་ཅིང་།  གྲན་ཞུགས་པ428འགྲན་བསྡུར་ནང་ཞུགས། 

 དགོང་ཚོགས་སྟེང་བྱ་དགའ་ཨང་དང་པོ1དང་། བྱ་དགའ་ང་གཉིས་པ2 བྱ་དགའ་ཨང་གསུམ་པ3བཅས་དང་ དེ་བཞིན་ཕུལ་བྱུང་བྱ་དགའ7དང་། ཕུལ་བྱུང་རྩ་འཛུགས་བྱ་དགའ10 ཕུལ་བྱུང་གླུ་ཚིག་རྩོམ་འི་བྱ་དགའ3 གསར་གཏོད་བྱ་དགའ་1དང་། དགའ་བསུ་ཐོབ་མཁན་ཆེས་མང་བའི་བྱ་དགའ1། དམིགས་བསལ་བྱས་རྗེས་བྱ་དགའ1བཅས་སྤྲད་པ་རེད།

བྱ་དགའ་སྤྲད་ཚར་རྗེས། མི་རིགས་མང་པོའི་སྒྱུ་རྩལ་མཉམ་འདྲེས་ཀྱི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་བྱས་པ་རེད། མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པཐུག་འཕྲདཅེས་པའི་ཞབས་བྲོ་འཁྲབ་ནས་དགོངས་ཚོགས་ཀྱི་འགོ་ཚུགས་ཅིང་། དེའི་ཐོག་ནས་མི་རིགས་སོ་སོས་གྲོང་གསེབ་དར་སྤེལ་གཏོང་བའི་ལམ་དུ་ལག་གདང་སྦྲེལ་ནས་མཉམ་དུ་འགྲོ་བའི་ཡིད་ཆེས་མཚོན་པ་རེད། གླུ་བ་གྲགས་ཅན་གངས་ཅན་པ་སྒྲོལ་མ་སྐྱབས་དང་གླུ་མ་གྲགས་ཅན་གཡང་ཕྱུག་མཚོ། གླུ་བ་གྲགས་ཅན་ཀུན་དགའ་དང་ཀྲང་མིང་ཞུས་སོགས་མིང་གྲགས་ཆེ་བའི་གླུ་བ་གླུ་མ་རྣམས་ཀྱིས་འཁྲབ་སྟོན་བྱས་ནས་མི་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་མངོན་པ་རེད། དགོང་ཚོགས་ཀྱི་མཇུག་མཐར་འཁྲབ་སྟོན་པ་ཡོངས་དང་ཡུལ་དངོས་ཀྱི་ལྟད་མོ་བ་བཅས་ཀྱིས་མཉམ་དུམེས་རྒྱལ་ལ་འབུལ་བའི་གླུ་གཞསཞེས་པ་བླངཤིང་། དྭངས་གཙང་གི་གླུ་སྐད་སྙན་མོ་མཚོ་ལྷོའི་མཚན་མོའི་མཁའ་དབྱིངས་སུ་ྱབ

གསར་འགོད་པ། ཡེ་ཤེས་སྒྲོལ་མ། ཤ་མོ་འཚོ།
རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།