མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ལྗང་མདོག་རྩིས་ནུས་ཐོན་ལས་སྐས་རིམ་གསར་བར་སླེབས་པར་རོགས་ཤུགས་བཏོན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས18ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ་བརྒྱད་པར་ཀྲུང་གོའི་རྩིས་ནུས་ཚོགས་ཆེན་སྟེང་ཡོངས་བསྒྲགས་བྱས་པའི2025ལོའི་ཕྱོགས་བསྡུས་རྩིས་ནུས་སྟོན་གྲངས་ཁྲོད། མཚོ་སྔོན་ཞིང་ཆེན་གྱིས་མངོན་གསལ་གྱི་གྲུབ་འབྲས་བླངས་ཡོད་དེ། རྩིས་ནུས་ཀྱི་སྤྱིའི་ཁོར་ཡུག་སྟོན་གྲངས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། སྤྱིའི་རྩིས་ནུས་སྟོང་གྲངས་རྒྱལ་ཡོངས་ཀྱི་ཨང་དྲུག་པར་སླེབས་ཡོད། དེ་མིན་རྩིས་ནུས་སྤུས་ནུས་དང་རྩིས་ནུས་དྲ་རྒྱ་ཚང་མ་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད་ལ། མཚོ་ཤར་གྲོང་ཁྱེར་དེ་གྲོང་ཁྱེར་རྩིས་ནུས་ཀྱི་ཨང་སུམ་ཅུའི་ནང་ཚུད་འདུག ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུའུ་ཡིས་བྱེད་ཐབས་སྣ་མང་སྤྱད་དེ། ཕྱོགས་ཡོངས་ནས་དྲ་རྒྱའི་འདེགས་སྐྱོར་འགན་སྲུང་ནུས་པ་ཇེ་ཆེར་བཏང་ཞིང་། ལྗང་མདོག་རྩིས་ནུས་ཁྲིད་སྟོན་དུ་བྱས་པའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་བར་རོགས་ཤུགས་བཏོན།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱི་སྣེ་ཁྲིད་དེ་སྲ་ཆས་འཛུགས་སྐྲུན་དང་། ལག་རྩལ་ལེགས་སྒྱུར། འཁོར་རྒྱུག་དོ་དམ་བཅས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་སྟེ། རྩིས་ནུས་བརྒྱུད་འདྲེན་དྲ་རྒྱའི་བརྒྱུད་ལམ་གེགས་མེད་ཡོང་བར་བྱས་པ་དང་། ལྗང་མདོག་རྩིས་ནུས་འཕེལ་རྒྱས་དང་དམའ་དབྱིངས་དཔལ་འབྱོར་འཚོལ་ཞིབ་སོགས་གསར་དར་ལས་སྒོར་དྲ་རྒྱའི་རྨང་གཞི་བརྟན་པོ་བཏིངས། ཟི་ལིང་གི་རྒྱལ་ཁབ་རིམ་པའི་མཉམ་འབྲེལ་དྲ་རྒྱའི་རྐང་འཛིན་པའི་ཐད་འབྲེལ་གནས་བརྟན་བརླིང་ངང་འཁོར་སྐྱོད་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་སྒྲིག་གཞི་དང་རིམ་པ་ལེགས་སྒྱུར་བྱས་ནས། དྲ་རྒྱའི་རྟོན་རུང་རང་བཞིན་དང་བདེ་འཇགས་རང་བཞིན་མངོན་གསལ་གྱིས་ཇེ་དྲག་ཏུ་བཏང་། ཞིང་ཆེན་ནང་ཁུལ་གྱི་ས་གནས་དྲ་རྒྱའི་བར་གྱི་དུས་འགྱངས་ཚད་བརྒྱ་ཆའི་གོ་བཞི་དང་གྲངས་ཆུང་གསུམ་ལྔ་མར་ཆག་པ་དང་། རྒྱལ་ཡོངས་ཀྱི་འཚོལ་བཤེར་དུས་འགྱངས་ཚད་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་གཉིས་མར་ཆག་ཡོད། དེ་མིན་ཟི་ལིང་གི་ཐད་འབྲེལ་གནས་བརྒྱུད་པའི་རང་ཞིང་གི་རྒྱུ་ཚདPBསུམ་བརྒྱ་གོ་དྲུག་དང་གྲངས་ཆུང་བཞི་བཞིར་སླེབས་ནས། བརྒྱ་ཆའི་ང་དགུ་དང་གྲངས་ཆུང་གཉིས་བརྒྱད་ཟིན་ཡོད། ཞིང་ཆེན་ཕྱི་ཕྱོགས་ཀྱི་རྒྱུ་ཚདBཉིས་བརྒྱ་དོན་གཉིས་དང་གྲངས་ཆུང་གསུམ་ལྔར་སླེབས་ཤིང་། ཟིན་ཚད་བརྒྱ་ཆའི་བཞི་བཅུ་དང་གྲངས་ཆུང་བདུན་གཉིས་ཡིན་ལ། རང་ཞིང་གི་གཞི་གྲངས་ཁྲིད་སྟོན་བྱེད་ནུས་མངོན་གསལ་རེད། རྒྱལ་ཁབ་ཀྱི་རྩེ་རིམ་དྲ་མིང་མཚོ་སྔོན་གྱི་དབྱེ་ཞིབ་ས་ཚིགས་འཛུགས་སྐྲུན་ལེགས་འགྲུབ་བྱུང་སྟེ། མཉམ་འབྲེལ་དྲ་རྒྱའི་འཚོལ་བཤེར་ལས་ཆོད་ཇེ་མཐོར་སོང་བ་དང་། དྲ་མིང་ཞབས་ཞུའི་བདེ་འཇགས་རང་བཞིན་མཐོར་འདེགས། དྲ་རྒྱ་དང་གཞི་གྲངས་ཀྱི་གཅིག་འདོམས་བཀོད་གཏོང་མངོན་འགྱུར་བཅས་བྱས་ནས། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། མཚོ་སྔོན་གྱི་སྤྱོད་མཁན་གྱིས་རྒྱལ་ཁབ་ཀྱི་རྩེ་རིམ་དྲ་མིང་དབྱེ་ཞིབ་ཞབས་ཞུ་འཚོལ་བཤེར་བྱེད་པའི་མྱོང་ཚོར་སྔར་ལས་ཇེ་དྲག་ཏུ་བཏང་། རྩིས་ནུས་དྲ་རྒྱ་དང་རྩིས་ནུས་རྨང་གཞིའི་སྒྲིག་བཀོད་སྡེབ་སྒྲིག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། ཕྱོགས་ཡོངས་ནས་གྲོང་ཁྱེར་གྱི་དྲ་རྒྱའི་སྒྲིག་ཆསIPv6རིམ་སྤོར་བསྒྱུར་བཀོད་ལེགས་འགྲུབ་བྱུང་བ་དང་། ཟི་ལིང་ནས་ཝུའུ་ཞི་དང་། སུའུ་ཀྲོའུ། ཧོས་ཨན་སོགས་ས་ཁུལ་གྱི་བརྒྱུད་འདྲེན་དྲ་རྒྱའི་བརྒྱུད་ལམ་ཡོངས་སུ་གྲུབ་ནས། ཟི་ལིང་ནས་ལན་ཀྲུའུ་དང་། ཁྲིན་ཏུའུ་སོགས་ས་ཁུལ་གྱི་བརྒྱུད་འདྲེན་དྲ་རྒྱའི་བརྒྱུད་ལམ་རྒྱ་བསྐྱེད་ལེགས་སྒྱུར་བྱས་ཤིང་། རྒྱལ་ནང་གི་གྲོང་ཁྱེར་གཙོ་བོ་བཅུ་དྲུག་བར་གྱི་ཐད་ཀའི་དྲ་སྦྲེལ་མངོན་འགྱུར་བྱུང་སྟེ། རྩིས་ནུས་དྲ་རྒྱ་མཉམ་འབྲེལ་མཉམ་མཐུད་མངོན་འགྱུར་བྱེད་པར་རོགས་ཤུགས་བཏོན། རྒྱལ་ཡོངས་རྩིས་ནུས་གནས་བབ་ཚོར་རྟོགས་ཚད་ལེན་ཚོད་ལྟའི་ས་ཁུལ་དུ་བདམས་ཐོན་བྱུང་བ་དང་། ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས་ཀྲུང་གོའི་རྩིས་ནུས་སྟེགས་བུར་གཞི་བཅོལ་ཏེ། ལག་རྩལ་ལ་བརྟེན་ནས་རྩིས་ནུས་ལ་དོ་དམ་བྱེད་པའི་མ་ལག་གི་ནུས་པ་དེ་སྲོག་ཤིང་དུ་བྱས་པའི་རྩིས་ནུས་ཚོར་རྟོགས་ཚད་ལེན་མ་ལག་འཛུགས་སྐྲུན་བྱེད་རྒྱུ་རེད། གསོག་ཚད་གཞི་གྲངས་ལྟེ་གནས་བསྒྱུར་བཅོས་དང་འཕར་ཚད་གཞི་གྲངས་ལྟེ་གནས་རེ་ཞུ་བྱེད་པར་གཅིག་འདོམས་སྐུལ་འདེད་བཏང་སྟེ། མིག་སྔའི་བར། ལས་རིགས་ཀྱིས་འཛུགས་སྐྲུན་བྱས་ཟིན་པ་དང་འཛུགས་སྐྲུན་བྱེད་བཞིན་པའི་སྒྲིག་ཆས་ཀྱི་ཁ་གྲངས་ཁྲི་དྲུག་དང་སྟོང་བཞི་ལས་བརྒལ་བ་དང་། སྒྲིག་ཆས་བེད་སྤྱོད་བྱེད་ཚད་བརྒྱ་ཆའི་གྱ་ལྔ་ལས་བརྒལ་ཞིང་། ལས་རིགས་ཀྱི་རྩིས་ནུས་གཞི་ཁྱོན་ཁྲི་གཅིག་དང་སྟོང་དྲུག་ལས་བརྒལ་བ་དང་། རྩིས་ནུས་གཞི་ཁྱོན་དེ་ལོ་སྔོན་མའི་ལོ་མཇུག་དང་བསྡུར་ན་བརྒྱ་ཆའི་བརྒྱ་དང་སོ་བརྒྱད་དང་གྲངས་ཆུང་བརྒྱད་འཕར་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།