ཐེ་ལན་གྱི་ཡུའེ་ཅེ་མཁའ་འགྲུལ་གྱིས་ཟི་ལིང་ནས་པང་ཁོག་བར་གྱི་མཁའ་ལམ་ཤར་གཏོང་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས15ཉིན། གསར་འགོད་པས་མཚོ་སྔོན་གནམ་ཐང་ཀུང་སི་ནས་ཤེས་རྟོགས་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས”ཡི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས། མཚོ་སྔོན་གནམ་ཐང་ཀུང་སིས་འགྲུལ་རྒྱུན་ཆེ་བའི་ཨེ་ཤ་ཡའི་ཤར་ལྷོའི་རྒྱལ་ཁབ་ལ་དམིགས་ཏེ། རྒྱལ་སྤྱིའི་ལམ་ཐིག་ཤར་གཏོང་གི་འཆར་གཞི་བཟོས་ནས་ཟི་ལིང་ནས་པང་ཁོག་བར་གྱི་མཁའ་ལམ་བདེ་བླག་ངང་འཕུར་སྐྱོད་སླར་གསོ་བྱས་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། མཁའ་ལམ་དེ་ནི་ཐེ་ལན་གྱི་ཡུའེ་ཅེ་མཁའ་འགྲུལ་ཀུང་སིས་མཁའ་འགྲུལ་གནམ་གྲུA320ཡིན་ལ། གཟའ་འཁོར་རེ་ཡི་གཟའ་ཟླ་བར་ཤར་གཏོང་བྱ་རྒྱུ་སྟེ། ཕར་ལ་གནམ་གྲུVZ3691རྟགས་ཅན་ཏེ་ཆུ་ཚོད23:40ཐོག་ཟི་ལིང་ནས་འཕུར་ཏེ། ཕྱི་ཉིན་གྱི་ཆུ་ཚོད02:45སྟེང་པང་ཁོག་ཏུ་འབྱོར་ཐུབ་པ་དང་།ཚར་ལ་གནམ་གྲུVZ3690རྟགས་ཅན་ཏེ། ཆུ་ཚོད17:40སྟེང་པང་ཁོག་ནས་འཕུར་ཞིང་། ཆུ་ཚོད22:40སྟེང་ཟི་ལིང་དུ་འབྱོར་ཐུབ་པ་རེད། ཟི་ལིང་ནས་པང་ཁོག་ལ་ཐོག་མར་བཏང་བའི་གནམ་གྲུར་འགྲུལ་བ142བསྡད་ཡོད་པ་དང་། པང་ཁོག་ནས་ཕྱིར་ཟི་ལིང་དུ་བཏང་བའི་གནམ་གྲུར་འགྲུལ་པ140བསྡད་ཡོད། དེའི་ནང་འགྲུལ་པ90%ཡན་ཐེ་ལན་གྱི་མི་རེད། མཁའལམ་དེའི་སླར་གསོ་བྱུང་རྗེས་རྒྱལ་སྤྱིའི་འགྲུལ་པ་སྔར་ལས་མང་པོར་མཛེས་པའི་མཚོ་སྔོན་ལ་ཡོང་བར་སྟབས་བདེ་བསྐྲུན་ཡོད་པས།  ཡུལ་དེའི་སྐྱེ་ཁམས་ཀྱི་མཛེས་བ་དང་། མི་ཆོས་ཀྱི་མཛེས་བ། མཐོ་སྒང་གི་ཡུལ་སྲོལ་གོམས་གཤིས་སོགས་མྱོང་རོལ་གང་ལེགས་བྱེད་ཐུབ། 

སླད་ཕྱིན། མཚོ་སྔོན་གནམ་ཐང་ཀུང་སིས་ཁྲོམ་རའི་དགོས་མཁོ་འབྲེལ་ཏེ། མཁའ་འགྲུལ་ཀུང་སིས་སྔར་ལས་མང་བའི་རྒྱལ་སྤྱིའི་མཁའ་འགྲུལ་སླར་གསོ་དང་ལམ་ཐིག་གསར་དུ་འཛུགས་རྒྱུ་ཧུར་ཐག་གིས་མཐུན་སྦྱོར་བྱས་ནས། ཡུལ་སྐོར་བ་མཚོ་སྔོན་ལ་ཡོང་བར་སྔར་ལས་སྟབས་བདེ་བའི་འགྲིམ་འགྲུལ་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་། མཁའ་ལམ་སྦྲེལ་མཐུད་བརྒྱུད་དེ་རང་ཞིང་གིས་རིག་གནས་དང་དཔལ་འབྱོར་སྤེལ་རེས་ལ་རམ་འདེགས་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་ཁྱད་ཆོས་དང་མཛེས་པ་གང་དགར་ངོམ་འཆར་ཡོད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།