ཟླ9པའི་ཚེས་17ཉིན་གྱི་སྔ་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤུས་ཚད་མཐོ་པོས“ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ”ལེགས་འགྲུབ་བྱེད་པའི་བརྗོད་དོན་གཙོ་བོའི་མུ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་པ་རེད།
འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་འགའི་རིང་འབད་བརྩོན་བྱས་པ་བརྒྱུད། ཀྲུང་དབྱང་ཁེ་ལས་ཀྱི་གསར་གཏོད་དངོས་ཤུགས་ལ་ཡར་རྒྱས་ཆེན་པོ་བྱུང་ཞིང་། ཞིབ་འཇུག་གསར་སྤེལ་གྲོན་དངུལ་ལོ་གསུམ་བསྟུད་མར་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བ། མ་དངུལ་གཏོང་ཚད་དེ་བརྒྱ་ཆ་2.6ནས་བརྒྱ་ཆ་2.8བར་མཐོ་རུ་ཕྱིན་པ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་ཆེད་དོན་འགག་སྒྲོལ་གལ་ཆེན་ཚང་མའི་ནང་ཞུགས་ནས་གསར་གཏོད་ལག་རྩལ་གྱི་འབྱུང་ཁུངས་97བཏོད་པ་དང་། གསར་གཏོད་མཉམ་འབྲེལ་སྒྲིག་གཞི་23བཙུགས་པས། མ་ལག་བཀོད་སྒྲིག་དང་། མཐུན་སྦྱོར་འགག་སྒྲོལ། གཙོ་གནད་འགག་སྒྲོལ་བཅས་ཀྱི་མཉམ་ཤུགས་ཆེན་པོ་ཆགས་ཡོད།
ཀྲུང་དབྱང་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་ཞིང་ས་གཤིན་པོར་འབྲས་བུ་མང་པོ་ཐོན་ཡོད་པ་དང་། འདུས་གྲུབ་གློག་ལམ་དང་། བཟོ་ལས་མ་འཁོར། བཟོ་ལས་མཉེན་ཆས་སོགས་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་ཀྱིས་ཚད་བཀག་ཐེབས་པའི་འགག་རྩའི་ལྟེ་བའི་ལག་རྩལ་ཁག་ཅིག་གཅིག་སྡུད་ཐོག་འགག་གཏོར་བྱས་པ་དང་། ཟླ་བའི་ལྷ་མོ་དྲུག་པ་རྟགས་ཅན་དང་། ཕུགས་འདུན་རྟགས་ཅན། “འབད་འཐབ་པ”རྟགས་ཅན། ས་གཏིང་དང་པོ་རྟགས་ཅན་སོགས“རྒྱལ་ཁབ་ཆེན་པོའི་མཚོན་ཆ་གལ་ཆེན”ཁག་ཅིག་གི་གྲུབ་འབྲས་ཐོབ་པའི་གནས་ཚུལ་ཡང་ཡང་ཁྱབ་བསྒྲགས་བྱས་ཡོད།
ཀོང་ཀྲོའུ་རྒྱ་མཚོ་ས་གཤིས་བརྟག་དཔྱད་ཅུས་ཀྱི་ཚན་རིག་རྟོག་ཞིབ་གྲུ་ཁར་སྡོད་པའི་རང་རྒྱལ་གྱིས་རང་བདག་ཇུས་འགོད་བྱས་ནས་བཟོས་པའི་རྒྱ་མཚོ་ཆེན་པོའི་གསོར་འབིགས་གྲུ་གཟིངས་ཐོག་མ་ཕུགས་འདུན་རྟགས་ཅན།
སྨི་ཁྲི་ཡི་མཚོ་འོག་ཏུ“འབད་འཐབ་པ”རྟགས་ཅན་གྱིས་ཚེ་སྲོག་གི་ལྗང་གླིང་རྙེད་པ།
ས་གཏིང་དང་པོ་རྟགས་ཅན་གྱིས་སའི་གོ་ལའི་གཏིང་དུ་གསོར་འབིགས་བྱེད་བཞིན་པ།
འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་C919རྟགས་ཅན་དང་རྒྱལ་ཐོན་ཡུལ་སྐོར་གྲུ་གཟིངས་ཆེ་གྲས་ཀྱིས“ཀྲུང་གོའི་བཟོ་སྐྲུན”གྱི་མིང་བྱང་བསྟུད་མར་བཀྲག་མདངས་འཚེར་དུ་བཅུག་པ་དང་། དགུ་གསུམ་དམག་གཟིགས་ཁྲོད་ས་ཁོངས་གསར་པ་དང་སྤུས་ཚད་གསར་པའི་དམག་འཐབ་སྟོབས་ཤུགས་རབ་དང་རིམ་པ་ཧང་སང་པའི་ངང་མངོན་པ་དེས་མི་རིགས་ཀྱི་རང་རྟོན་རང་དར་གྱི་བློ་སྟོབས་དང་། ལ་རྒྱ། གཏིང་ཤུགས་བཅས་ཆེས་ཆེར་འཕེལ་དུ་བཅུག་ཡོད།