མཚོ་ལྷོ་ཁུལ་གྱི་སྡེ་བ་སོ་སོས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་བཞིན་པ།

ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།

    དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་ཡོང་བའི་བྱ་བའི་རྒྱུན་མཐུད་རང་བཞིན་དང་གཏན་འཇགས་རང་བཞིན་འགན་སྲུང་བྱེད་ཆེད། གཞི་རིམ་སྡེ་སྡོད་ལས་བྱེད་པའི་བརྗེ་རེས་རྩིས་སྤྲོད་བྱ་བ་རང་ཁུལ་གྱི་སྡེ་བ་དང་གྲོང་བརྡལ་སོ་སོ་རུ་གོ་རིམ་ཡོད་པའི་ངང་སྐུལ་འདེད་བྱེད་བཞིན་ཡོད།

    གུང་ཧོ་རྫོང་ཆབ་ཆ་གྲོང་བརྡལ་ཞི་ཐེ་སྡེ་བའི་མངའ་ཁོངས་སུ་རུ་ཁག་དྲུག་གི་ཁྱིམ་ཚང359ཡི་མི1222ཡོད་པ་དང་། སྡེ་བ་ཡོངས་ལ་དབུལ་ཐར་ཁྱིམ་ཚང51དང་དེར་མི140ཡོད་པས། མི་རིགས་མང་པོའི་རིག་གནས་མཉམ་འདྲེས་བྱས་པའི་གྲོང་མཐའ་སྡེ་བ་ཞིག་ཡིན། གསར་འགོད་པས་ཞི་ཐེ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་ཞིང་ཆེན་ཚོང་དོན་ཐེན་གྱིས་མངགས་པའི་ཞི་ཐེ་སྡེ་བའི་ཧྲུའུ་ཅི་དང་པོའི་ལས་འགན་ཁུར་བའི་ཧྰ་ཀྲན་ཐའོ་ཡིས་སྡེ་དམངས་དང་མཉམ་དུ་སྡེ་བའི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ་མཐོང་།

    གུང་ཧོ་རྫོང་ཆབ་ཆ་གྲོང་བརྡལ་ཞི་ཐེ་སྡེ་བའི་སྡེ་དཔོན་ཀྲོའུ་ཧྲེང་ཞང་གིས་བཤད་རྒྱུར། ང་ཚོའི་སྡེ་བའི་ཡོང་སྒོའི་འབྱུང་ཁུངས་གཙོ་བོ་ནི་གསོ་སྤེལ་དང་ཞབས་ཞུ་ལས་རིགས་ཡིན་ཞིང་། རེས་སྐོར་སྔོན་མ་བཞི་ཡི་སྡེ་སྡོད་བྱ་བའི་རུ་ཁག་གིས་རང་སྡེ་བའི་རྨང་གཞིའི་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པ་དང་། ད་ལོའི་ཟླ8པར་རེས་སྐོར་ལྔ་བའི་སྡེ་སྡོད་བྱ་བའི་རུ་ཁག་གི་སྐབས་བརྗེ་བྱ་བ་བདེ་བླག་ངང་སྤེལ་བས། བློ་མཐུན་ཧྰ་ཀྲན་ཐའོ་ཡིས་རང་སྡེ་བའི་ཧྲུའུ་ཅི་དང་པོའི་ལས་འགན་ཁུར། འདི་ནི་ཁོས་སྡེ་བའི་ཧྲུའུ་ཅི་དང་པོའི་ལས་འགན་ཁུར་བའི་ལོ་བཞི་བ་ཡིན། ལོ་གསུམ་གྱི་རིང་ལ་ཁོས་གྲོང་གསེབ་དར་སྤེལ་ལ་གཞིགས་ནས། ཏང་འཛུགས་བྱ་བར་ཤུགས་སྣོན་དང་དམངས་ཚིས་ལེགས་བཅོས། འཇོན་མི་སྐྱེད་སྲིང་བཅས་བྱས་ཏེ་སྡེ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། མིག་སྔར་རེས་སྐོར་ལྔ་བའི་སྡེ་སྡོད་བྱ་བའི་རུ་ཁག་ལས་རྐང་དུ་ཞུགས་ནས་བྱ་བ་སྤེལ་མགོ་བརྩམས་པས། རེས་སྐོར་ལྔ་བའི་སྡེ་སྡོད་བྱ་བའི་རུ་ཁག་གི་རོགས་སྐྱོར་འོག་ང་ཚོའི་སྡེ་བའི་དཔལ་འབྱོར་དང་ཐོན་ལས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཟེར།

    2022ལོའི་ཟླ6པར་ཧཱ་ཀྲན་ཐའོ་ཡིས་ཞི་ཐེ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོའི་ལས་འགན་ཁུར་བ་ནས་ད་ལོ་ནི་ཁོས་སྡེ་བའི་ཧྲུའུ་ཅི་དང་པོའི་ལས་འགན་ཁུར་བའི་ལོ་བཞི་བ་ཡིན།ཁོ་ཞི་ཐེ་སྡེ་བར་ཡོང་བ་ནས་བཟུང་ཁྱིམ་ཚང་རེ་རེར་སོང་ནས་དམངས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་པ་དང་། ཁོས་གྲོང་གསེབ་དར་སྤེལ་ལ་གཞིགས་ནས། ཏང་འཛུགས་བྱ་བར་ཤུགས་སྣོན་དང་དམངས་ཚིས་ལེགས་བཅོས།འཇོན་མི་སྐྱེད་སྲིང་བཅས་བྱས་ཏེ་སྡེ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཁོས་དུས་ནམ་ཡིན་ཡང་སྡེ་བ་རིམ་པའི་ཏང་རྩ་འཛུགས་འཛུགས་སྐྲུན་ནི་གྲོང་གསེབ་དར་སྤེལ་གྱི་འོས་འགན་དང་པོ་དང་ཧྲུའུ་ཅི་དང་པོ་ནི་སྡེ་བ་རིམ་པའི་ཏང་རྩ་འཛུགས་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་ཁྲིད་སྟོན་པ་ཞིག་ཡིན་པ་ཡིད་ལ་དམ་པོར་བཟུང་ནས། ཧྲུའུ་ཅི་དང་པོའི་ཕྲག་ཏུ་བབས་པའི་འགན་འཁྲི་ཁུར་བཞིན་ཡོད་པ་རེད།

    མང་ཚོགས་ཀྱི་ལས་དོན་བཟང་བོ་སྒྲུབ་རྒྱུ་ནི་ངའི་རེ་བ་ཉག་ཅིག་ཡིན་ཅེས་པའི་དམ་ཚིག་འདིས་ཧྰ་ཀྲན་ཐའོ་ཡང་བསྐྱར་ཞི་ཐེ་སྡེ་བར་ཞབས་ཞུ་བསྒྲུབ་པའི་ལམ་དུ་བསྐྱོད་དེ། མུ་མཐུད་དུ་སྤྱོད་ལམ་ལེགས་པོ་དར་སྤེལ་དང་ཁེངས་སྐྱུང་གིས་སློབ་སྦྱོང་། རྟོག་ཞིབ་ནན་མོ་བྱས་ནས། བློ་གཅིག་སེམས་གཅིག་གིས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་བཅད་དེ། སྡེ་སྡོད་བྱ་བའི་སྣང་ཚུལ་གསར་བ་བསྐྲུན་པར་འབད་པ་བྱ་རྒྱུ་རེད།

    གུང་ཧོ་རྫོང་ཆབ་ཆ་གྲོང་བརྡལ་ཞི་ཐེ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཧཱ་ཀྲན་ཐའོ་ཡིས་བཤད་རྒྱུར། ཐེངས་འདིའི་སྐབས་བརྗེའི་ཁྲོད་མུ་མཐུད་དུ་ཧྲུའུ་ཅི་དང་པོའི་ལས་འགན་ཁུར་ཐུབ་པ་ནི་ང་ལ་མཚོན་ན་གཟི་བརྗིད་ཞིག་དང་འོས་འགན་ཞིག་ཀྱང་ཡིན། ངས་འདི་མགོ་རྩོམ་ས་གསར་བར་བཟུང་སྟེ། ཡིད་ཆེས་འདི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་ནས་ནན་ནན་ཏིག་ཏིག་གིས་བྱ་བ་སྤེལ་རྒྱུ་ཡིན་ཟེར།

    ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་རླབས་ཆེན་ལག་ལེན་ཁྲོད་དུ། མཚོ་ལྷོ་ཁུལ་གྱིས་ཐོག་མཐའ་ཀུན་ཏུ་ཏང་འཛུགས་ཁྲིད་སྟོན་ནི་སྐོར་ཐེངས་གསར་བའི་སྡེ་སྡོད་རོགས་སྐྱོར་བྱ་བའི་གཙོ་གནད་དུ་བཟུང་བ་རྒྱུན་འཁྱོངས་བྱས་ཏེ། འཇོན་ཐང་ཅན་གྱི་མི་འདེམས་པ་དང་གནད་ཁེལ་འབྲེལ་མཐུད་བྱེད་པ་འབུར་དུ་གཏོད་ནས། ཆབ་སྲིད་དང་གྲུབ་འབྲས། སྤྱོད་ལམ་བཅས་ཀྱི་འགག་སྒོ་གཟབ་ནན་གྱིས་དམ་འཛིན་བྱས་ཏེ། ཏང་གཤིས་བརྟན་ལ་ནུས་པ་ཆེ་བ། འབྲོག་ཁུལ་ལ་དགའ་ཞེན་ཆེ་བའི་ཕུལ་བྱུང་ཏང་ཡོན་ལས་བྱེད་པ་གྲོང་གསེབ་དར་སྤེལ་གྱི་འཐབ་ར་གཙོ་བོར་མངགས་བཞིན་པ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།