མཚོ་སྔོན་པོའི་རིག་ནུས་གཞུང་ལམ་མ་ལག་འཁོར་སྐྱོད་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་བའི་འཕྲིན། “མདུན་ཕྱོགས་ཀྱི་སྤྱི་ལེ1ཡི་སར་ཁྲིམས་འགལ་ངང་རླངས་འཁོར་བཞག་ཡོད་པས་འགྲོ་སྐྱོད་བྱེད་པའི་རླངས་འཁོར་ཇེ་དལ་དུ་བཏང་ནས་ཕར་ཚར་གཡོལ་ནས་ལམ་ཕྱེ་དགོས།”  ཟླ9པའི་ཚེས16ཉིན་གྱི་སྔ་དྲོར། མཚོ་སྔོན་པོའི་རིག་ནུས་གཞུང་ལམ་གྱི་སྟོང་སྐོར་ནས་རྟ་ནག་མའི་བར་གྱི་ལམ་མཚམས་སུ་ཁ་ལོ་བ་ལིས་ཀྱིས་ལམ་བར་དུ་ཕྱོགས་སྟོན་རླུང་འཕྲིན་གྱི་དྲན་སྐུལ་ཐོས། དེ་ནི་མཚོ་སྔོན་པོའི་རིག་ནུས་གཞུང་ལམ་དུ་བསྒྲིགས་པའི“ལའེ་མཐོང་མཉམ་འདྲེས་དང་བརྙན་ལམ་ཞིབ་དཔྱད་ཚད་ལེན”མ་ལག་དེས་བརྒྱབ་པའི་ཉེན་འཕྲད་ཉེན་ཟོན་གྱི་ཉེན་བརྡ་ཞིག་ཡིན་པ་དང་། འགྲོ་འོང་ཁ་ལོ་བ་དག་ལ་དུས་ཐོག་ཏུ་ལམ་གྱི་གནས་ཚུལ་བསྒྲགས་ཐུབ། 

ཉེ་བའི་ལོ་ཤས་རིང་མཚོ་སྔོན་པོའི་རིག་ནུས་གཞུང་ལམ་གྱིས་ཚན་རྩལ་གསར་གཏོད་དེ་ལྟེ་བའི་སྒུལ་ཤུགས་སུ་བྱས་ནས་འགྲིམ་འགྲུལ་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ཀྱི་དགོས་མཁོར་དམིགས་ཏེ། འཁོར་སྐྱོད་དོ་དམ་དང་ཚོད་འཛིན་རིག་ནུས་ཅན་དང་། ཆ་འཕྲིན་ཁྱབ་སྒྲོག་གནད་འཁེལ་ཅན་སོགས་རིག་ནུས་ཅན་གྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་དེ་“འགྲིམ་འགྲུལ་འགྲོ་འོང་བདེ་བླག་དང་། ཞབས་ཞུ་མཁོ་སྤྲོད་གནད་ལ་འཁེལ་བ། ཡུལ་སྐོར་ཉམས་ལེན་སྟབས་བདེ་བཅས་མངོན་འགྱུར་བྱུང་ནས་མཐོ་སྒང་ས་ཁུལ་གྱི་རིག་ནུས་འགྲིམ་འགྲུལ་འཛུགས་སྐྲུན་ལ་འདྲ་བཟོ་དང་ཁྱབ་སྤེལ་ཐུབ་པའི་དཔེ་སྟོན་དཔེ་མཚོན་ཞིག་མཁོ་འདོན་བྱས།

མཚོ་སྔོན་པོའི་རིག་ནུས་གཞུང་ལམ་གྱིས“ལེ་མཐོང་མཉམ་འདྲེས་དང་བརྙན་ལམ་ཞིབ་དཔྱད་ཚད་ལེན་”གཞི་གཅིག་ཅན་གྱི་ལག་རྩལ་ལ་བརྟེན་ནས། ལམ་མཚམས་ཡོངས་ལ་ཁྱབ་པའི་རིག་ནུས་ཤེས་ཚོར་མ་ལག་བཙུགས་ཏེ། རླངས་འཁོར་ཁྲིམས་འགལ་གྱིས་རླངས་འཁོར་འཇོག་པ་དང་འགྲོ་ལམ་འགག་པ་སོགས་རྒྱུན་ལྡན་མིན་པའི་འགྲིམ་འགྲུལ་དོན་རྐྱེན་དུས་ཐོག་ཏུ་ངོས་འཛིན་བྱེད་ཐུབ། ལྟ་ཞིབ་ཚད་ལེན་ཁྲོད་རྒྱུན་ལྡན་མིན་པའི་གནས་ཚུལ་ཐོན་ཚེ་མ་ལག་གིས་རང་འགུལ་ངང་ཉེན་བརྡ་གཏོང་བ་དང་ཕྱོགས་སྟོན་རླུང་འཕྲིན་དང་སྒོ་སྒྲོམ་གསང་འཕྲིན་པང་ལེབ་བརྒྱུད་དྲན་སྐུལ་གྱི་སྐད་བཏང་ནས་བཟློག་སེལ་གྱི་དུས་ཚོད་ཇེ་མགྱོགས་སུ་བཏང་། གྲོན་དངུལ་བསྡུ་བའི་ལས་ཕྱོད་ཆེ་རུ་གཏོང་བའི་ཐད་རིག་ནུས་ལྡན་པའི་གྲོན་དངུལ་བསྡུ་བའི་ས་ཚིགས་གསར་དུ་བཏོད་ནས“མྱུར་བགྲོདVཞབས་ཞུའི”མ་ལག་ཆུང་བ་དང་འབྲེལ་ནས་སྔོན་བཀོད་གྲོན་བསྡུ་ཞབས་ཞུ་འདོན་རྒྱུ་རེད། གཞི་གྲངས་ལྟར་ན། རིན་བསྡུ་ས་ཚིགས་ཀྱི་འགྲོ་སྐྱོད་ལས་ཆོད25%ཇེ་མཐོར་ཕྱིན་པ་དང་། ཡུལ་སྐོར་དུས་བཟང་གི་འགྲོ་ལམ་འགག་པའི་དུས་ཡུན་དུས་མཚུངས་ལས60%ཇེ་ཉུང་དུ་ཕྱིན། དེ་དང་ཆབས་ཅིག་མཚོ་སྔོན་པོའི་རིག་ནུས་གཞུང་ལམ་གྱིས་ཉེན་ཆེའི་རྫས་འགྱུར་དངོས་རྫས་ཀྱི་རླངས་འཁོར་ལ་ཆེད་དོན་དོ་དམ་ཚོད་འཛིན་མ་ལག་བཀོད་སྒྲིག་བྱས་ནས། དུས་ཚོད24རིང་རླངས་འཁོར་དེ་རིགས་ཀྱི་ཆ་འཕྲིན་ལ་འགུལ་རྣམ་ལྟ་སྐུལ་ཚོད་འཛིན་བྱས་ནས་ཡུལ་སྐོར་བའི་བདེ་འཇགས་ཡོང་ཁུངས་ནས་འགན་སྲུང་བྱས།

གཞི་གྲངས་ཀྱི་བཀག་རྒྱ་གཏོར་ཆེད། མཚོ་སྔོན་པོའི་རིག་ནུས་གཞུང་ལམ་གྱིས་ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་ཚོགས་པའི་རིག་ནུས་གཞི་གྲངས་ཀྱི་ཀྲུང་ཐའེ་(中台)དང་། ཀའོ་ཏེ།(高德) པའེ་ཏུའུ(百度)ས་ཁྲའི་གཞི་གྲངས་མཉམ་སྤྱོད་བགྲོད་ལམ་བཏོད་ནས་ལམ་གྱི་གནས་ཚུལ་དང་། འགྲིམ་འགྲུལ་དོན་རྐྱེན། མཛེས་ལྗོངས་ཁུལ་གྱི་འགྲུལ་པ་འཁོར་རྒྱུག་སོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་བརྒྱུད་སྤྲོད་བྱས་ཏེ། གློག་རྡུལ་རི་མོ་ཚོང་པའི་མཉེན་ཆས་ཆ་འཕྲིན་འགུལ་རྣམ་གསར་སྒྱུར་བྱེད་ཚད100%ཟིན་ཐུབ་པར་འགན་སྲུང་བྱས། དེ་དང་ཆབས་ཅིག་སྟེགས་བུ་མང་པོའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ“ཡུལ་སྐོར་མ་བྱས་གོང་དང་། ཡུལ་སྐོར་བྱེད་སྐབས། ཡུལ་སྐོར་རྗེས་བཅས་ཀྱི་དུས་མཚམས་ཡོངས་ཀྱི་ཆ་འཕྲིན་ཞབས་ཞུའི་མ་ལག་བཙུགས་པ་དང་། རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི500ལྷག་ལ་ཞབས་འདེགས་ཞུས། གཞན་ཡང་ལམ་རྒྱུད་ཀྱི་གསང་འཕྲིན་པང་ལེབ་ཐོག་ཨར་ཁང་སྔོན་མངག་དང་རླངས་འཁོར་འཇོག་ས་ཚད་ལོངས་ཚད་སོགས་དཔྱད་ཡིག་ཆ་འཕྲིན་ཁྱབ་སྒྲོག་བྱས་ནས་ཡུལ་སྐོར་བས་ལྟེ་བའི་ཆ་འཕྲིན་ཐོབ་པའི་ཆ་སྙོམས་དུས་ཚོད་སྐར་མ15ནས་སྐར་ཆ30བར་ཇེ་ཐུང་དུ་བཏང་ཡོད། AIཨང་ཀིའི་མིས་རྒྱང་སྒྲོག་དང་སྐད་བརྡའི་ཁྲིད་སྟོན་སོགས་ཀྱི་རྣམ་པ་སྤྱད་དེ་རང་གཤིས་ཅན་གྱི་ཞབས་ཞུ་མཁོ་འདོན་བྱས་ནས་ཕྱིར་སྐྱོད་ལ་དེ་བས་དྲོད་ཁོལ་ལྡན་པ་བྱས་ཡོད་དོ། ། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།