ཀེ་རི་སེའི་དམངས་གཙོ་ཏང་གསར་པ་དང་ཨུ་རུ་སུ་དཀར་པོའི་སྲིད་འཛིན་གཞུང་སྒྲུབ་ཐིན་གྱི་གདན་ཞུ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་ལི་ཞི་ཡིས་ཟླ9པའི་ཚེས17ཉིན་ནས་ཚེས24ཉིན་བར་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ། ཀེ་རི་སེ་དང་ཨུ་རུ་སུ་དཀར་པོར་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་རྒྱུ་རེད།