རྒྱལ་སྟོན་དང་ཟླ་མཆོད་གུང་གསེང་སྐབས་ཀྱི་ལྕགས་ལམ་སྐྱེལ་འདྲེན་ཇུས་གཞི་བསྒྲགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཚེས15ཉིན། གསར་འགོད་པས་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་པ་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་སྟོན་དང་ཟླ་མཆོད་གུང་གསེང་སྐབས་ཀྱི་ལྕགས་ལམ་གྱི་སྐྱེལ་འདྲེན་ཟླ9པའི་ཚེས29ཉིན་ནས་འགོ་རྩོམ་རྒྱུ་དང་། ཟླ10པའི་ཚེས10ཉིན་མཇུག་བསྒྲིལ་རྒྱུ་དང་། དུས་ཡུན་ཉིན12རེད། སྔོན་དཔག་ལྟར་ན་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ས་ཡ་དགུ་སྐྱེལ་རྒྱུའི་འཆར་གཞི་འཐེན་ཞིང་། ཟླ10པའི་ཚེས1ཉིན་ནི་འགྲུལ་བ་ཆེས་མང་བའི་ཉིན་མོ་རེད།

གུང་གསེང་གི་སྐྱེལ་འདྲེན་སྐབས་ལ། རྒྱལ་ཡོངས་ལྕགས་ལམ་གྱིས་ཉིན་རེར་ཆ་སྙོམས་ཀྱིས་འགྲུལ་སྐྱེལ་མེ་འཁོར་ཆིག་ཁྲི་སུམ་སྟོང་གཏོང་རྒྱུའི་འཆར་གཞི་འཐེན་ཡོད་པ་རེད། ཟླ9པའི་ཚེས29ཉིན་ནས་ཟླ10པའི་ཚེས2ཉིན་བར་དང་ཟླ10པའི་ཚེས7ཉིན་ནས་ཟླ10ཚེས9ཉིན་བར་གྱི་འགྲུལ་བ་ཆེས་མང་པོའི་མཚམས་ལ་མཚན་མོའི་མྱུར་བགྲོད་ལྕགས་ལམ་བཀོད་སྒྲིག་བྱ་རྒྱུ་རེད། ལྕགས་ལམ12306གིས་ལམ་རིང་ཐུང་གཉིས་ཀའི་དགོས་མཁོར་དམིགས་ཏེ། འགྲུལ་རྒྱུན་ཕྱོགས་གཅིག་ཏུ་འདུས་པའི་མེ་འཁོར་འབབ་ཚུགས་ལ་དུས་ཐོག་ཏུ་པ་སེ་ཇེ་མང་དུ་བཏང་ནས། འགྲུལ་པའི་འགྲོ་འོང་གི་དགོས་མཁོ་ཅི་ཐུབ་གང་ནུས་ཀྱིས་སྐོང་རྒྱུ་རེད།

སློབ་མས་པ་སེ་ཉོ་བའི་ཞབས་ཞུ་རྒྱུན་ལྡན་ལྟར་སྒྲུབ་བཞིན་ཡོད་ལ། ཆ་རྐྱེན་འཛོམས་པའི་སློབ་མ་འགྲུལ་པས་རླངས་འཁོར་མ་བཏང་བའི་སྔོན་གྱི་ཉིན20ནས་ཉིན17བར་ལ། ལྕགས་ལམ་གྱི་དྲ་ཚིགས12306ནས“སློབ་མས་པ་སེ་ཉོ་སྒྲུབ་ཀྱི་ཞབས་ཞུ”ཆེད་ཁུལ་བརྒྱུད་དེ་སློབ་མའི་གཟིགས་སྐྱོང་པ་སེ་ཉོ་སྒྲུབ་ཀྱི་དགོས་མཁོ་བསྐངས་ཐུབ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།