རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨའོ་མོན་གཞུང་སྒྲུབ་ཁང་གི་མགྲིན་ཚབ་པས“རྒྱལ་གཅེས་པས་ཨའོ་མོན་སྐྱོང་བའི”རྩ་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཨའོ་མོན་གྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་དམངས་གཙོ་ལ་སྐུལ་འདེད་གཏོང་དགོས་པར་བསྟན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨའོ་མོན་བྱ་བའི་གཞུང་སྒྲུབ་ཁང་གི་མགྲིན་ཚབ་པས། ཚེས15ཉིན་གླེང་མོལ་སྤེལ་ཏེ། ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་སྐབས་བརྒྱད་པའི་འདེམས་བསྐོ་བདེ་བླག་ངང་སྤེལ་པར་རྟེན་འབྲེལ་ཞུས། ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་བྱས་ཏེ། ལམ་ལུགས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་པ་དང་། ཐེངས་འདིའི་འདེམས་བསྐོའི་ཁྲོད་ཨའོ་མོན་གྱི་སྤུས་ཚད་མཐོ་བའི་དམངས་གཙོ་དོན་དངོས་དང་མཐུན་ཞིང་བདེ་ཐང་དང་ཧུར་བརྩོན། གཟབ་ནན་བཅས་ཀྱི་རྣམ་པ་གང་ལེགས་སྒོས་མངོན་ཞིང་། སྤྱི་ཚོགས་ཁྲོད་ཞུགས་པའི་གཞི་རྒྱ་ཆེ་བ་དང་འདེམས་ཤོག་འཕེན་པའི་སྤྲོ་སེམས་ཆེ་བས། གསར་དུ་བདམས་ཐོན་བྱུང་བའི་གྲོས་མིའི་ཕྱོགས་བསྡུས་ཀྱི་བྱང་ཚད་ལ་ཨའོ་མོན་སྤྱི་ཚོགས་ཀྱི་ཁས་ལེན་ཆེན་པོ་ཐོབ་ཡོད། སྐབས་གསར་པའི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་གྲོས་མིས་རྒྱལ་གཅེས་ཨའོ་གཅེས་ཀྱི་ཐོག་མའི་སེམས་འདུན་མཐའ་འཁྱོངས་བྱེད་པ་དང་། སྲིད་འཛིན་འགོ་གཙོ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི་“རྒྱལ་གཅིག་ལུགས་གཉིས་”ཀྱི་རྒྱལ་ཁའི་ལག་ལེན་ཡུན་ནས་ཡུན་དུ་བསྐྱོད་པར་བྱས་རྗེས་འཇོག་དགོས། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།