ཟླ9པའི་ཚེས12ཉིན། གསར་འགོད་པས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་ཟླ10པའི་ཟླ་མཇུག་གི་ལས་འགན་འགྲུབ་མཚམས་ལ་དོ་སྣང་ཆེན་པོ་བྱས་ཏེ། འགག་སྒྲོལ་བྱེད་ཐབས་མུ་མཐུད་གཏིང་ཟབ་ཏུ་གཏང་ཆེད། ཕྱོགས་ལྔ་ནས“བྱང་གསུམ”ལས་གཞིའི་དུས་སྐབས་དྲུག་པའི་འཛུགས་སྐྲུན་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་བ་དང་། ལོ་འཁོར་གྱི་འཛུགས་སྐྲུན་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས།
ཚན་རིག་དང་མཐུན་པའི་འཆར་འགོད་སྦྲེལ་མཐུད་དམ་འཛིན་བྱས་ཏེ“རྒྱལ་ཁབ་དང་ས་གནས་དང་། ཡུན་རིང་དང་དུས་ཐུང་། ཞིང་ཆེན་ཡོངས་དང་གྲོང་ཁྱེར་དང་ཁུལ་བཅས་ཀྱི་འཆར་འགོད་སྦྲེལ་མཐུད་བླང་བྱ་གསུམ་ལ་གཞི་ཚུགས་ནས་རྨ་ཙོང་འབབ་རྒྱུད་ཀྱི་ཀན་སུའུ་དང་མཚོ་སྔོན་མཉམ་འབྲེལ་སྔོན་འགོག་དང་མཉམ་འབྲེལ་བཅོས་སྐྱོང་དང་། མཚོ་སྔོན་པོའི་མཐའ་སྐོར་གྱི་བྱེ་འགོག་བཅོས་སྐྱོང་། རྨ་ཆུ་གཙོ་རྒྱུད་བཅོས་སྐྱོང་སོགས་ལས་གཞི་གལ་ཆེན་གཙོ་གནད་ཐོག་སྐུལ་འདེད་བཏང་། སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་། ལས་དོན་དར་རྒྱས་གཏོང་བ། དམངས་ཕན་བཅས་ཀྱི“བྱང་གསུམ”གྱི་ལས་གཞི་ཁག་ཅིག་འཆར་འགོད་བཀོད་སྒྲིག་བྱས་ཏེ། འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་སྤེལ་བྱེད་ཆོག་པའི“བྱང་གསུམ་”ལས་གཞིའི་དཔེ་སྟོན་དཔེ་མཚོན་ཁག་གཅིག་གཏོད་དགོས།
ཚན་རྩལ་གྱི་འདེགས་སྐྱོར་དང་སྣེ་ཁྲིད་དམ་འཛིན་བྱས་ཏེ་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་ཞིབ་འཇུག་ཁང་གི་དགེ་མཚན་ལྡན་པའི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ་ཚན་རྩལ་གྱི་བྱེ་འགོག་བཅོས་སྐྱོང་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་དང་། ཐན་པ་བཟོད་ཐུབ་པའི་ས་བོན་གསོ་སྐྱོང་དང་། བྱེ་འགྱུར་ས་ཞིང་ཉམས་གསོ། བློ་རིག་ནགས་ཚལ་དང་རྩྭ་ལྟ་ཞིབ་ཚད་ལེན་སོགས་འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས་མཉམ་འབྲེལ་ཐོག་འགག་སྒྲོལ་བྱེད་པ་དང་། མི་མེད་གནམ་གྲུ་འཕུར་འདེབས་དང་། སྐྱེ་དངོས་ཀྱི་པགས་ཆགས་བྱེ་སྲ་འཇགས་སོགས་སྔོན་ཐོན་ལག་རྩལ་ཁྱབ་སྤེལ་བེད་སྤྱོད་ཁྱབ་གདལ་བཏང་། བྱེ་བཅོས་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཐན་པ་དང་གྲང་ཚོན། ཚྭ་བུལ་བཟོད་པའི་ཤིང་རིགས་དང་རྩྭ་རིགས་སྤུས་ལེགས་འདེམས་གསོའི་འགག་སྒོ་རྒྱུན་མཐུད་ངང་བརྒལ།
སྣ་མང་རྣམ་པ་གསར་གཏོད་དམ་འཛིན་བྱས་ཏེ།“སྲིད་གཞུང་གིས་གཙོ་ཁྲིད་དང་། ཁེ་ལས་ཞུགས་པ། སྤྱི་ཚོགས་མཐུན་སྦྱོར་བཅས་ཀྱི་བཅོས་སྐྱོང་ལམ་སྲོལ་གསར་གཏོད་དང་། རྒྱལ་ཁབ་ཀྱི་ནགས་ཚལ་དང་རྩྭ་ས་གཙོ་གནད་ལས་གཞིའི་མ་དངུལ་གཏོང་བ་ལ་སྔར་བས་བརྩོན་ལེན་བྱས་ཏེ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་སྤྱི་ཚོགས་མ་རྩ་བྱེ་འགོག་དང་བྱེ་བཅོས་སྐྱོང་ནང་ཞུགས་པར་སྐུལ་ལྕག་དང་། ལམ་ལ་བརྟེན་ནས་བྱེ་མ་བཅོས་སྐྱོང་དང་། འོད་ཤུགས་ལ་བརྟེན་ནས་བྱེ་མ་བཅོས་སྐྱོང་། ཐོན་ལས་ཀྱིས་བྱེ་མ་བཅོས་སྐྱོང་སོགས་མཉམ་འདྲེས་འཕེལ་རྒྱས་བྱེད་སྟངས་ལ་སྐུལ་འདེད་གཏོང་བཏང་། “བྱེ་བཅོས་”དང“ཕྱུག་འགྱུར་”གཅིག་གྱུར་འཆར་འགོད་བྱས་ཏེ། 2025ལོར་ལག་བསྟར་བྱེད་པའི་ནགས་ཚལ་དང་རྩྭ་ཚལ་ལས་གཞིར་བརྟེན་ནས་གུད་གསབ་ལས་སྤྲོད་བྱེད་པའི་རྣམ་པ་ཁྱོན་ཡོངས་ནས་ཁྱབ་སྤེལ་བཏང་བ་དང་། ཁྱོན་བསྡོམས་རོང་འབྲོག་པ་ཁྲི་2.7ལས་གཞིའི་འཛུགས་སྐྲུན་ནང་ཞུགས་སུ་བཅུག་པ་དང་ངལ་ལས་ཀྱི་གླ་ཕོགས་སྒོར་དུང་ཕྱུར་2.16སྤྲད།
སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་དམ་འཛིན་བྱས་ནས་ལས་གཞིའི་སྤུས་ཚད་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་པའི་བླང་བྱ་ལག་བསྟར་བྱས་ཏེ། འགན་སྲུང་རང་བཞིན་གྱི་མྱུ་གུ་གསོ་ཚགས་དང་རྩྭ་སོན་རྒྱུད་སྤེལ་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་བརྒྱབ་པ་དང་། མྱུ་གུའི་སྤུས་ཚད་འཐེན་བཤེར་དང་“སྐབས་བསྟུན་གཉིས་དང་ཡོངས་སྒྲོག་གཅིག”ཞིབ་བཤེར་མུ་མཐུད་སྤེལ་བ།“ར་བའི་ཕྱི་རོལ་དུ་ར་བ་གཉེར་བ།”“ར་བའི་ཕྱི་རོལ་དུ་ནགས་བཟོ་བ།”“ར་བའི་ཕྱི་རོལ་དུ་ནགས་ཚལ་དོ་དམ་བྱེད་པ་”སོགས་ཀྱི་རྣམ་པ་འཚོལ་ཞིབ་བྱས་ནས་ལས་གཞིའི་ཁུལ་གྱི་སྐོར་སྲུང་སྐོར་ཞིབ་ལ་ཤུགས་བརྒྱབ།
འགན་འཁྲི་དང་སྤྱོད་ཚུལ་འགན་སྲུང་དམ་འཛིན་བྱས་ཏེ། ནགས་དཔོན་ལམ་ལུགས་བརྒྱུད་ས་གནས་ཀྱི་འགན་འཁྲི་རིམ་པ་དང་རིམ་པ་དམ་ཟབ་དང་། དམིགས་འབེན་དང་ལས་འགན་ལག་བསྟར་དམ་ཟབ། བྱེ་བཅོས་དངོས་ཟོང་གཅིག་གྱུར་འཆར་འགོད་བཀོད་གཏོང་བྱ་བ་བཅས་ལ་ཤུགས་སྣོན་བརྒྱབ་ནས་“ཕྱོགས་བཞིའི”འགན་འཁྲིར་ནན་སྐུལ་བྱས། མ་དངུལ་བེད་སྤྱོད་དང་། ལས་གཞི་ལག་བསྟར། ལས་གཞིའི་སྤུས་ཚད་བཅས་དམ་འཛིན་ནན་པོ་བྱས་ཏེ། བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས།“བྱང་གསུམ་”ལས་གཞི་འཛུགས་སྐྲུན་གྱི་སྤུས་ཚད་དང་ཕན་འབྲས་ལ་འགན་སྲུང་བྱས།