རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་ལ་འགན་སྲུང་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་གནད་དོན་ཐག་བཅད་ནས། ན་གཞོན་རྣམས་ཀྱིས་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་ཆེད།    རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་ཞུགས་ཅུའུ་ཡིས་མཁོ་སྤྲོད་སྦྲེལ་ཐག་སྟེགས་བུ་འཛུགས་པ་དང་ལས་ཞུགས་ལས་སྐྲུན་བྱེད་ཐབས་རྒྱ་བསྐྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ།   ས་གནས་ཀྱི་ན་གཞོན་རྣམས་ཀྱིས་ལས་ཞུགས་ལས་སྐྲུན་བྱེད་པར་འགན་སྲུང་བྱས།   ཟླ9པའི་ཚེས9ཉིན་བར་དུ།    རྫོང་ཕྱི་ནང་གི་སྤུས་ལེགས་ཁེ་ལས་ཉི་ཤུ་ལྷག་ལ་སྦྲེལ་མཐུད་བྱས་ནས།   ལས་གནས་ལྔ་བཅུ་བདམས་ཏེ།   དགོས་མཁོའི་ཕྱོགས་གཉིས་བར་སྤུས་ཚད་མཐོ་བའི་འབྲེལ་ཟམ་བཙུགས།

ལས་ཞུགས་ཞབས་ཞུའི་མ་ལག་བཙུགས་པའི་རྨང་གཞིའི་སྟེང་།    ཁུལ་ངལ་རྩོལ་ནུས་ཤུགས་གནས་སྤོར་ལས་ཞུགས་ཞབས་ཞུའི་ལྟེ་གནས་བཙུགས་ཏེ།    ཚོང་གཉེར་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཀུང་ཟི་བཅུ་དང་ངལ་རྩོལ་བར་ཁེ་པ་བརྒྱ་དང་ང་དྲུག་བར་འགུལ་རྣམ་མཐུན་སྦྱོར་ནང་རྐྱེན་བཙུགས་ནས།   བསྡོམས་པས་ལས་ཞུགས་ལས་གནས་ཁྲི་ལྷག་ཡོངས་བསྒྲགས་བྱས།   དྲ་ཐོག་གི་ལས་ཞུགས་སྟེགས་བུ་དང་ཡུལ་དངོས་ཀྱི་ཞབས་ཞུའི་ས་ཚིགས་ལ་བརྟེན་ནས།  ལས་ཞུགས་སྲིད་ཇུས་དྲིལ་སྒྲོག་དང་བློ་འདྲི་བྱེད་ས་འདོན་སྤྲོད་བྱས་པར་མ་ཟད།    ཁུལ་ཡོངས་ཀྱི་ན་གཞོན་ལྟ་སྦྱོང་སྡེ་ཁག་ཉེར་བཞིའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་པས།   ལོ་རེར་ཕུལ་བྱུང་མཐར་ཕྱིན་སློབ་མ་བརྒྱ་དང་བཅུ་ལྟ་སྦྱོང་ཁྲོད་ཞུགས་བཞིན་ཡོད།

ཕྱི་ནང་མཉམ་སྒུལ་ལ་དོ་སྣང་བྱས་ཏེ།   ན་གཞོན་རྣམས་ཀྱི་ལས་ཞུགས་ཐབས་ལམ་རྒྱུན་མཐུད་ངང་རྒྱ་བསྐྱེད་པ་དང་།   ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ན་གཞོན་རྣམས་ལ་ལས་ཞུགས་ཀྱི་བར་སྟོང་གསར་པ་བཏོད་དེ་བསྡོམས་པས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོ་བརྒྱད་རྩ་འཛུགས་བྱས་ཏེ་ཐེན་ཅིན་གྲོང་ཁྱེར་པེན་ཧའེ་ཁུལ་གསར་དུ་སོང་ནས་ལས་ཞུགས་ བྱས།  རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་ཆེད།   ལས་ཞུགས་བྱས་མེད་པའི་མཐོ་རིམ་མཐར་ཕྱིན་སློབ་མའི་གསོ་སྦྱོང་དང་ལས་རིགས་རྩལ་ནུས་མཐོར་འདེགས་འགུལ་སྐྱོད་རྩ་འཛུགས་ལག་བསྟར་བྱས་ཏེ།   ན་གཞོན་རྣམས་ཀྱི་ལས་ཞུགས་འགྲན་རྩོད་ནུས་ཤུགས་ཇེ་དྲག་ཏུ་བཏང་།      ལས་སྐྲུན་རོགས་སྐྱོར་ཁྱབ་ཁོངས་སུ།    རེབ་གོང་རིག་གནས་ཀྱི་ཁྱད་ཆོས་ཡོད་པའི་ལས་སྐྲུན་རྟེན་གཞི་བཙུགས་ནས།   མཐར་ཕྱིན་སློབ་མ་རྣམས་ལ་ལས་སྐྲུན་གསོ་སྦྱོང་དང་ལས་སྐྲུན་དངོས་སྦྱོང་ཞབས་ཞུ་འདོན་སྤྲོད་བྱས།  དེ་དང་མཉམ་དུ།   ཐོག་མའི་ལས་སྐྲུན་ཁ་གསབ་དང་ཐེངས་གཅིག་རང་བཞིན་གྱི་ལས་སྐྲུན་བྱ་དགའ་སོགས་སྲིན་ཇུས་དོན་འཁྱོལ་ནན་མོ་བྱས་ཏེ་ན་གཞོན་ལས་སྐྲུན་པ་རྣམས་ཀྱི་དཀའ་ཁག་ཐག་བཅད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།