མགོ་ལོག་ཁུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་བར་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས9ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། གྲོལ་མ་ཐག་པའི་ཧྲང་ཧའེ་གྲོང་ཁྱེར་ཁ་གཏད་ས་ཁུལ་གྱི་ཁྱད་ལྡན་ཚོང་ཟོག་འགྲེམས་ཚོང་སྐབས་བརྒྱད་པའི་སྟེང་དུ། མགོ་ལོག་གི་ཁེ་ལས་མང་པོ་ཞིག་དང་ཧྲང་ཧའེ་ཡི་ཉོ་སྒྲུབ་ཚོང་པའི་བར་དུ་མཉམ་ལས་བྱེད་འདོད་ཀྱི་བསམ་པ་སྐྱེས་ཏེ། མགོ་ལོག་གི་དངོས་རྫས་བཟང་པའི་ཁྲོམ་ར་སྔར་ལས་རྒྱ་བསྐྱེད་པས། མགོ་ལོག་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད་ཟེར།

ད་ལོའི་ཚུན་དུ། མགོ་ལོག་ཁུལ་གྱིས“སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས“ཀྱི་ངེས་གནས་ལ་དམིགས་ཏེ། མིང་རྟགས་འགོད་འདོད་ཆེ་བའི་ལས་གཞི20ལ་གྲོས་མཐུན་བྱུང་ནས་མ་དངུལ་སྒོར་དུང་ཕྱུར130.46ལ་བསླེབས། ལོ་སྟོད་དུ། ཁུལ་ཡོངས་ཀྱི་བཟོ་ལས་འཕར་སྣོན་རིན་ཐང་དུས་མཉམ་ལས157.1%འཕར་བ་དང་། དེའི་ནང་གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱིས་ཡོངས་འགྲུབ་བྱས་པའི་བཟོ་ལས་འཕར་སྣོན་རིན་ཐང་དུས་མཉམ་ལས189.1%འཕར་བ་དང་། ཁྱད་ལྡན་ཐོན་ལས་དེ་བཟོ་ལས་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི“སྒུལ་ཤུགས་གཙོ་བོར“གྱུར་ཡོད། ཁུལ་ཡོངས་ཀྱི་སྐྱེ་ལྡན་བདེན་དཔང་བྱེད་པོ12ཡིས་སྐྱེ་ཁམས་ཞིང་ཕྱུགས་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པ་དང་། མར་ལོ་འོ་ལས་ཚད་ཡོད་ཀུང་ཟི་དང་གངས་ལྗོངས་ནོར་བུ་ཚད་ཡོད་འགན་འཁྲི་ཀུང་ཟི་སོགས་ཀྱིས་མཚོན་པའི་སྣེ་ཁྲིད་ཁེ་ལས་ཀྱིས་གསོ་སྤེལ་ནས་ལས་སྣོན་དང་ཞིབ་འཇུག་གསར་སྤེལ་ནས་ཕྱིར་ཚོང་བར་གྱི་ཐོན་ལས་འབྲེལ་ཐག་ཆ་ཚང་ཞིག་འཛུགས་པར་སྐུལ་ཁྲིད་བྱེད་ཀྱིན་ཡོད།

“ཀྲུང་ཧྭའི་ཚོང་རྟགས་རྙིང་པ“དང“གངས་རིའི་སྤུས་རྟགས“ཀྱི་འབྲི་མོའི་འོ་ལས་ཐོན་རྫས་ཀྱི་རིགས་མཚོ་སྔོན་དང་ཁ་ཐག་རིང་བའི་འབྲི་ཆུའི་ཟུར་གསུམ་གླིང་དང་ཀྲུའུ་ཅང་ཟུར་གསུམ་གླིང་། པེ་ཅིན་དང་ཐེ་ཅིན། ཧོ་པེ། ཁྲིན་ཏུའུ། ཁྲུང་ཆིང་སོགས་ས་ཁུལ་དུ་ཕྱིར་ཚོང་བྱས་ཏེ། རྨ་ཆེན་རྫོང་དང་ཁུལ་ཁོངས་གཏོགས་ཀྱི་ཐོན་ལས་གླིང་གི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མགོ་ལོག་ཁུལ་གྱི“ལྟེ་བ་གཅིག་གིས་སྣེ་ཁྲིད་པ་དང་རྫོང་ལྔ་མཉམ་སྦྲེལ། ས་ཆ་མང་པོས་འདེགས་སྐྱོར“བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་མགྱོགས་མྱུར་ངང་གྲུབ་པར་འབད་བཞིན་ཡོད་ལ། དུས་མཚུངས་སུ། མགོ་ལོག་ཁུལ་གྱིས་ཞིང་ཆེན་རིམ་པའི་རྫོང་ཁོངས་ཚོང་ལས་མ་ལག་འཛུགས་སྐྲུན་ལས་གཞི་དང་ཚོང་དོན་འཁོར་རྒྱུག་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་ལས་གཞི། ཁེ་ལས་ཆུང་འབྲིང་འཕེལ་རྒྱས་གཏོང་བའི་ཆེད་དོན་མ་དངུལ་ལས་གཞི་བཅས་རེ་ཞུར་འབད་པས། ཁེ་ལས་འཕེལ་རྒྱས་ལ་དངུལ་རྩའི་གསོན་ཤུགས་བསྣན།

གཞན་ཡང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་དང་རྙིང་པ་གསར་བརྗེ། རྫོང་ཁོངས་ཚོང་ལས་མ་ལག་འཛུགས་སྐྲུན་སོགས་ཀྱི་བྱེད་ཐབས་མང་པོ་སྤྱད་དེ། འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་ཀུན་ནས་རྒྱས་པར་བྱས། མིག་སྔའི་བར་དུ། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་ཁྱོན་བསྡོམས་ཐེངས12སྤེལ་བ་དང་། འཛད་སྤྱོད་སྐུལ་སྤེལ་མ་དངུལ་སྒོར་ཁྲི250བཏང་བ་དང་། འཛད་སྤྱོད་འཛིན་ཤོག་ཁྲི4.8བྱིན་ཡོད་ལ། འཛད་སྤྱོད་མ་དངུལ་སྒོར་ཁྲི1200ལྷག་སྐུལ་སྤེལ་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།