ཉེ་ལམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྒྲུབ་སྐུལ་ཚན་ཆུང་ཟི་ལིང་གྲོང་ཁྱེར་དུ་སོང་ནས། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་སྐབས་སུ་འཐུས་མིས་བཏོན་པའི《མཚོ་སྔོན་གྱི་གསོ་རིག་ཤེས་ལྡན་པ་གསོ་སྐྱོང་བྱེད་ཐབས་ཕྱོགས་ཡོངས་ནས་རྒྱ་བསྐྱེད་པའི་སྐོར་གྱི་གྲོས་གཞི》དང་། 《བྱིས་ནད་སྟོན་དཀའ་བའི་གནད་དོན་ཐག་གཅོད་པའི་སྐོར་གྱི་གྲོས་གཞི》གཙོར་བཟུང་ནས་སྒྲུབ་སྐུལ་བྱས། གྲོས་གཞི་བཏོན་པའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་མཱ་ཧུང་དང་ཝང་ཁྲིན་ཝུན་གཉིས་སྒྲུབ་སྐུལ་ལ་ཞུགས།
སྒྲུབ་སྐུལ་ཚན་ཆུང་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་དུ་སོང་ནས། ནད་ཐོག་ལག་རྩལ་གསོ་སྦྱོང་ལྟེ་གནས་དང་བྱིས་ནད་ཚན་ཁག་གི་སྒོ་བསྟེན་ཁང་། མྱུར་སྐྱོབ་ཁང་འཛུགས་སྐྲུན་འཁོར་སྐྱོད་གནས་ཚུལ་ལ་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། འཐབ་ཕྱོགས་དང་པོའི་སྨན་བཅོས་པ་དང་བརྗེ་རེས་ཟབ་མོ་བྱས་ཏེ། གསོ་རིག་ཤེས་ལྡན་པ་གསོ་སྐྱོང་དང་བྱིས་ནད་སྟོན་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། འབྲེལ་ཡོད་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་ཞིང་། བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས།
སྒྲུབ་སྐུལ་ཚན་ཆུང་གིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་དུས་སྐབས་སྔོན་མར་སྒྲུབ་པའི་བྱ་བར་ཁས་ལེན་གང་ལེགས་བྱས། སྒྲུབ་སྐུལ་ཚན་ཆུང་གིས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་དང་། འཐུས་མིའི་གྲོས་གཞི་བཟང་བོར་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། སྤུས་ཚད་དང་ཕན་འབྲས་མཐོ་བའི་བྱ་བ་མང་པོ་སྒྲུབ་ནས་གནད་དོན་ཐག་གཅོད་ཐད་ལ་སྐུལ་འདེད་ནན་མོ་གཏོང་དགོས་ཞེས་བསྟན།
སྒྲུབ་སྐུལ་ཚན་ཆུང་གིས་ཤུགས་ཆེན་པོས་བྱ་བའི་བྱེད་ཐབས་ཞིབ་ཚགས་ཅན་དང་དངོས་གཉེར་ཅན་དུ་བཏང་ནས་ལས་སྒྲུབ་ཕན་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དང་། དགོས་མཁོའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་གསོ་སྐྱོང་སྒྲིག་གཞི་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་དགོས་པ་དང་། གསོ་རིག་དང་ཁྲིད་སྟོན་མཐུན་སྦྱོར་ཟབ་མོ་བྱས་ནས་མི་གསོ་སྐྱོང་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས་པ་དང་། ཤེས་ལྡན་པ་ནང་འདྲེན་བྱེད་ཐབས་རྒྱ་བསྐྱེད་དེ་ཤུགས་ཆེན་པོས་ཤེས་ལྡན་པ་མང་པོ་ནང་འགུག་བྱེད་དགོས་ལ། གཞི་རིམ་ཁྲིད་ཕྱོགས་ཇེ་དྲག་ཏུ་བཏང་ནས་བྱེད་ཐབས་སྣ་མང་སྤྱད་དེ་གཞི་རིམ་ཤེས་ལྡན་པའི་དཔུང་སྡེ་བརྟན་འཇགས་ཡོང་བར་བྱེད་དགོས། གནད་དོན་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་བྱིས་པའི་སྨན་བཅོས་ཞབས་ཞུའི་དྲ་རྒྱ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། བྱིས་ནད“སྟོན་དཀའ་བའི“གནད་དོན་ནུས་ཡོད་སྒོས་ཐག་གཅོད་བྱ་དགོས། མཐུན་སྦྱོར་མཉམ་སྒུལ་ཇེ་དྲག་ཏུ་བཏང་སྟེ་གྲོས་གཞི་སྒྲུབ་པའི་ཐད་གྲུབ་འབྲས་བཟང་བོ་ཐོབ་པར་འགན་སྲུང་བྱེད་དགོས། འབྲེལ་ཡོད་འགན་སྒྲུབ་སྡེ་ཁག་གིས་བྱ་བའི་མཉམ་ཤུགས་གཅིག་སྡུད་དང་གྲོས་གཞི་སྒྲུབ་པའི་གྲུབ་འབྲས་ཚུལ་སྒྱུར་ལ་ཤུགས་བསྣན་ཏེ། གྲུབ་འབྲས་དངོས་ལ་བརྟེན་ནས་འཐུས་མི་ཡིད་ཚིམ་པ་དང་མང་ཚོགས་ལ་ཕན་ཁེ་ཐོབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན།