མཚོ་སྔོན་ཡུལ་ཤུལ་གྲོང་ཁྱེར་གྱིས“12345”སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།   "ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་སློབ་སྦྱོང་སློབ་གསོ་ཁྲོད་ང་ཚོའི་རྒྱུན་མཐུད་གྱིས་སྤྱོད་ཚུལ་འཛུགས་སྐྱོང་བྱས་ཏེ།   12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་གྱི་ཞབས་ཞུའི་ནུས་པ་ཇེ་ཆེར་བཏང་།    ཟླ1པ་ནས་ཟླ7པའི་བར12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་དང‘ཡུལ་ཤུལ་ཐུང་App’སྟེང་ཡར་ཞུ་བྱས་པའི་དོན་དག3232དང་ལེན་བྱས་ཤིང་།  དོན་དག3230བསྒྲུབས་པ་དང་།     བསྒྲུབས་ཚད་99.88%ཟིན་པ་དང་འབྲེལ་མཐུད་ཀྱི་ཚད100%ཟིན།    "ཟླ8པའི26ཉིན་ལ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་ཤེས་རིག་གྲོང་ཁྱེར་དོ་དམ་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་པ་ཚེ་དབང་འབྱོར་ལྡན་གྱིས་དེ་ལྟར་བཤད།  

ད་ལོ་ཡུལ་ཤུལ་གྲོང་ཁྱེར་ཤེས་རིག་གྲོང་ཁྱེར་དོ་དམ་ཞབས་ཞུ་ལྟེ་གནས་ཀྱིས12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་གྱི་ཞབས་ཞུའི་ནུས་པ་ཆེར་བསྐྱེད་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ། སློབ་གསོ་སློབ་སྦྱོང་ཟུང་འབྲེལ་བཅས་ཀྱི་སྒོ་ནས་མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་པ་དང་།     དོན་དངོས་ཀྱིས་བྱ་སྤྱོད་ལ་བརྟེན་ནས་ལས་དོན་སྤྱོད་ཚུལ་དང་། སྲིད་དོན་ཞབས་ཞུའི་ཆུ་ཚད་ལེགས་སྒྱུར་བྱས་ཏེ། མང་ཚོགས་ཀྱི་ཁས་ལེན་ཚད་ཇེ་ཆེར་ཕྱིན་ནས་གྲོང་ཁྱེར་ཡོངས་ཀྱི་ལས་དོན་ཁག་སྤེལ་བར་འགན་སྲུང་ནུས་ལྡན་མཁོ་འདོན་བྱས།  

12345སྲིད་དོན་ཞབས་ཞུའི་དམངས་ཕན་ཁ་པར་བརྒྱུད་རིམ་ཡོངས་ཀྱི་དོ་དམ་བྱེད་སྟངས་བསྐྲུན།  ཐོག་མར་དོན་དག་མགྱོགས་མྱུར་དང་ལེན་དབྱེ་ཞིབ་དང་ཁག་བགོས་འཁོར་རྒྱུག  བར་དུ་དོན་དག་དུས་ལྟར་ཐག་གཅོད་དང་“ཕྱོགས་ཕན་ཚུན་ལ་ལྟ་སྐུལ”། མཐའ་མར་དོན་དག་གཞུག་གི་བརྟག་དཔྱད་བློ་ཡིད་ཚིམ་ཚད་དང་ཕྱོགས་བསྡོམས་ལྡོག་འདྲེན་བཅས་བྱས་ནས་འཁོར་སྐྱོད་བཟང་པོ་ཆགས། རྣམ་པ་དེ་ད་ལོའི་ཟླ4པར་ཚོད་ལྟའི་འཁོར་སྐྱོད་བྱེད་འགོ་ཚུགས། དེ་དང་ཆབས་ཅིག་གཏུག་བཤེར་དང་ལེན་མྱུར་དུ་ཐག་གཅོད་བྱེད་པའི་བྱ་བའི་ལམ་སྲོལ་ཚོད་ལྟ་བྱས་རྗེས། གྱོད་གཞི་ཐག་གཅོད་བྱེད་ཚད་དེ་སྔོན་གྱི་དུས་མཚུངས་ཀྱི85%ནས98%བར་ཇེ་མཐོར་ཕྱིན་པ་དང་། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད83%ནས99%བར་ཇེ་མཐོར་ཕྱིན།ལྟ་སྐུལ་ཚུར་ལན་མ་ལག་འཐུས་ཚང་དུ་བཏང་། དུས་བཀག་ཕྱོགས་བསྡོམས་དབྱེ་ཞིབ་ལ་བརྟེན་ནས་སྡེ་ཁག་ཁག་གི་གྱོད་གཞི་ཐག་གཅོད་ཀྱི་བརྒྱུད་རིམ་ཡོངས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཏེ། ཐག་གཅོད་འགན་འཁྲི་དམ་ཟབ་བྱས་ཏེ་ཐག་གཅོད་སྤུས་ཚད་དང་ལས་ཆོད་རྒྱུན་མཐུད་ངང་ཇེ་མཐོར་འགྲོ་བར་སྐུལ་འདེད་བཏང་བ་དང་།“བདག་སྤྲོད-ལྟ་སྐུལ-ལེགས་བཅོས”ཀྱི་དྲང་ཕྱོགས་སྐུལ་ལྕག་དང་སྲིད་དོན་ཞབས་ཞུའི་སྤྱི་ཡོངས་ཀྱི་ཕན་ནུས་ཇེ་ལེགས་སུ་བཏང་། གཞན་ཡང་ཡུལ་ཤུལ་གྲོང་ཁྱེར་ཤེས་རིག་གྲོང་ཁྱེར་དོ་དམ་ཞབས་ཞུ་ལྟེ་གནས་ཀྱིས་ད་དུང་ཐབས་ཇུས་འདེགས་སྐྱོར་བྱེད་ནུས་ཆེ་རུ་བཏང་ནས་ཟླ་རེར12345སྲིད་དོན་ཞབས་ཞུའི་དམངས་ཕན་ཁ་པར་དང“ཡུལ་ཤུལ་ཐུང་App”སྟེང་དུ་དང་ལེན་བྱས་པའི་དོན་རྐྱེན་ལ་ཕྱོགས་བསྡོམས་དང་དབྱེ་ཞིབ་བྱས་ཏེ་གོང་རིམ་ལས་ཁུངས་ཀྱི་ཐབས་ཇུས་ལ་གཞི་འཛིན་ས་མཁོ་འདོན་ནུས་ལྡན་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།