ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཕུལ་བའི་ཡི་གེ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས།    སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་རྣམས་ལ་ཕུལ་དོན།      

ཉེ་བའི་ལོ་འགའི་རིང་ལ།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ནས་མི་དམངས་ལྟེ་བར་འཛིན་པའི་བསམ་བློ་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་དང་།    དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་དེ་ལས་དོན་མཐའ་དག་གི་དམིགས་ས་དང་དོན་གྱི་འབབ་སར་བརྩིས་ནས་ལོ་ལྟར་དམངས་ཚིས་ལས་དོན་དངོས་ཀྱི་ལས་གཞི་ཁག་གཅིག་བསྒྲུབས་ཏེ།    “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་དུ་དམངས་འདོད་དང་མཐུན་ཞིང་།    དམངས་ཚིས་ལ་ཕན་པ།    དམངས་སེམས་དྲོ་སྐྱིད་བཅས་ཀྱི་བྱ་བ་བཟང་པོ་དང་དོན་དངོས་བསྡོམས་པའི222ལག་བསྟར་བྱས་པས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་།    སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་ཕུན་སུམ་ཚོགས་ལ།    སྔར་ལས་འགན་སྲུང་ལྡན་པ།    སྔར་ལས་རྒྱུན་མཐུད་བྱེད་ཐུབ་པ་ཞིག་འཁྱོངས་ཡོད།    

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འགྱུར་ཁྲོད་དམངས་ཚིས་ལས་དོན་ནི་གལ་ཆེན་ནང་གི་འགངས་ཆེན་དེ་ཡིན།     2026ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མི་དམངས་གཙོ་བོར་འཛིན་པའི་གནས་བབ་མཐའ་འཁྱོངས་བྱས་ཏེ“མི་ལ་མ་རྩ་གཏོང་པའི”འཕེལ་རྒྱས་ཀྱི་བསམ་བློ་མངོན་པ་དང་།     མང་ཚོགས་ཀྱི་འབོད་སྐད་ཆེ་བ་དང་།    ཁེ་བཟང་ཐོབ་པའི་ཁྱབ་ཁོངས་ཆེ་བ་དང་།    སྤྱི་ཚོགས་ཀྱི་ཕན་འབྲས་ལེགས་པ། ནོར་ཤུགས་རྒྱུན་མཐུད་ཐུབ་པ་བཅས་དམངས་ཚིས་དོན་དངོས་ཀྱི་ལས་གཞི་ཁག་ཅིག་མུ་མཐུད་དུ་ལག་བསྟར་བྱ་རྒྱུ་ཡིན་པས།  ཚང་མས་མུ་མཐུད་དུ་ལས་འདི་དག་ལ་ཧུར་ཐག་གིས་ཞུགས་ནས་རང་འདོད་ལྟར་བསམ་འཆར་འདོན་པ་དང་།    ཁྱེད་ཀྱིས་དོ་ཁུར་བྱེད་ས་ཆེ་ཤོས་དང་ལེགས་པར་བསྒྲུབ་དགོས་པའི་རེ་འདོད་ཆེ་ཤོས་སོགས་དམངས་ཚིས་རྣམ་གྲངས་ཆ་ནས་རེ་བ་འདོན་རོགས། ང་ཚོས་ཁྱེད་ཅག་གིས་བཏོན་པའི་བསམ་འཆར་ལ་བསམ་གཞིགས་ནན་ཏན་དང་།    ཞིབ་འཇུག གཅིག་གྱུར་འཆར་འགོད་བཅས་བྱས་ནས་སྒྲིག་འཛུགས་ལག་བསྟར་ཞིབ་ཚགས་ཀྱིས་བྱས་ཏེ་མང་ཚོགས་ཀྱི“རེ་སྒུག་བྱེད་པའི་ལས་དོན”སྲིད་གཞུང་གི“བསྒྲུབ་པའི་ལས་དོན”དུ་འགྱུར་པ་དང་།    སྲིད་གཞུང་གི“བསྒྲུབ་པའི་ལས་དོན”མང་ཚོགས་ཀྱི“བློ་ཡིད་ཚིམ་པའི་ལས་དོན”དུ་འགྱུར་བར་འབད་བརྩོན་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ཞིག་ས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་འདྲ་མཉམ་གྱི་སྒོ་ནས་ཕན་པ་འཐོབ་ཏུ་འཇུག་ངེས་ཡིན།     

བསམ་འཆར་བསྡུ་ལེན་བྱེད་སྟངས།    ཞིང་ཆེན་སྲིད་གཞུང་གི་དྲ་ཚིགས་གཙོ་བོ(དྲ་ཚིགས་://www.qinghai.gov.cn)དང་།    མཚོ་སྔོན་སྲིད་དོན་སྐད་འཕྲིན་པོད་འཕྲིན་བཅས་བརྒྱུད་ནས་མཚོ་སྔོན་ཞིང་ཆེན་གྱི་དམངས་ཚིས་དངོས་དོན་ལས་གཞིའི་བསམ་འཆར་བསྡུ་ལེན་གྱི་རྩ་གཉིས་ཨང་རྟགས་ལ་ཞིབ་བཤེར་བྱས་ནས་ཁྱེད་ཀྱི་བསམ་འཆར་འདོན་ཆོག་གོ །      

བསམ་འཆར་བསྡུ་ལེན་གྱི་འགོ་ཚིགས་དང་མཇུག་བསྡུ་དུས་ཚོད་ནི། 2025ལོའི་ཟླ9པའི15ཉིན་ནས་ཟླ10པའི31ཉིན་བར་ཡིན།      

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལུའོ་ཏུང་ཁྲོན།      

2025ལོའི་ཟླ9པའི་ཚེས15ཉིན། 

མཚོ་སྔོན་ཞིང་ཆེན་གྱིས2026ལོའི་དམངས་ཚིས་དོ་དངོས་ཀྱི་ལས་གཞི་རྣམ་གྲངས་སྐོར་གྱི་གྲོས་འཆར་བསྡུ་ལེན།  

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།