ཞི་ཅིན་ཕིང་དང་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་གཉིས་ཀྱིས་ཀྲུང་གོ་དང་སུའེ་ཙེར་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཁེ་ལེ.ཙུའུ་ཐི་ཨར་དང་ཕན་ཚུན་གློག་འཕྲིན་སྤྲིངས་ནས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན།  ཀྲུང་གོ་དང་སུའེ་ཙེར་ནི་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་འཕེལ་རྒྱས་ཀྱི་དུས་མཚམས་མི་འདྲ་བའི་རྒྱལ་ཁབ་གཉིས་མཛའ་མཐུན་མཉམ་ལས་བྱས་པའི་མ་དཔེ་ཡིན། འབྲེལ་བ་བཙུགས་ནས་ལོ75འཁོར་བའི་རིང་ལ།   ཕྱོགས་གཉིས་གྱིས“འདྲ་མཉམ་དང་།  གསར་གཏོད།   གཉིས་ཕན”བཅས་ཀྱི་ཀྲུང་གོ་དང་སུའེ་ཙེར་གྱི་མཉམ་ལས་དགོངས་དོན་སྐྱེད་སྲིང་བྱས་པས་ཕྱོགས་གཉིས་ཀའི་སྣ་མང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཕན་བདེ་ཆེ་རུ་ཕྱིན་ནས་སྣེ་མང་རིང་ལུགས་དང་རང་མོས་ཚོང་དོན་སྲུང་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་བྱས་རྗེས་བཞག ངས་ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ།  ཀྲུའུ་ཞི་ཁའེ་ལེ-ཙུའུ་ཐི་ཨར་དང་མཉམ་དུ་འབད་བརྩོན་བྱས་ཏེ་འབྲེལ་བ་བཙུགས་ནས་ལོ75འཁོར་བ་གོ་སྐབས་སུ་བཟུང་ནས།  དཔལ་འབྱོར་ཉོ་ཚོང་དང་།  ནོར་སྲིད་དང་མ་དངུལ་མཉམ་ལས།  མི་ཆོས་སྤེལ་རེས་བཅས་ཟབ་སྤེལ་བྱས་ཏེ། ཀྲུང་གོ་དང་སུའེ་ཙེར་གྱི་གསར་གཏོད་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་ཇེ་མཐོར་བཏང་ནས་འདྲ་མཉམ་དང་སྒྲིག་ལམ་ལྡན་པའི་ངང་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་དུ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འབུལ་འདོད་ཡོད།

ཁེ་ལེ-ཙུའུ་ཐི་ཨར་གྱིས་བསྟན་དོན། ལོ75རིང་ལ།   སུའེ་ཙེར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་གྲོས་མོལ་བརྗེ་རེས་དང་། ཕན་ཚུན་བརྩི་འཇོག  དངོས་སྒྲུབ་མཉམ་ལས་བཅས་མཐའ་འཁྱོངས་བྱས་ནས་སྣ་མང་དང་བརྟན་བརླིང་གི་གྲོགས་པོའི་འབྲེལ་བ་བཙུགས་ཡོད།   2014ལོར་རྒྱལ་ཁབ་གཉིས་ཀྱི་རང་མོས་ཚོང་དོན་གྲོས་ཆོད་ཀྱི་ལག་བསྟར་བྱས་པ་དང་། 2016ལོར་གསར་གཏོད་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏན་འཁེལ་བྱས།  འདི་ཚང་མ་སུའེ་ཙེར་དང་ཀྲུང་གོའི་འབྲེལ་བའི་ལམ་ཚད་རྡོ་རིང་ཡིན་ལ།  ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་ཕྱིན་པ་མཚོན།  མ་འོངས་བར་སུའེ་ཙེར་གྱིས་ཀྲུང་གོ་དང་སྤེལ་རེས་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་ཡུན་རིང་མཛའ་གྲོགས་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།